ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ།


ཉི་ཧོང་གི་ཁིའི་དྷོ་གསར་འགྱུར་ལས་ཁང་གིས་རྒྱ་ནག་ལ་རྒྱལ་མང་མཉམ་འབྲེལ་གྱི་དམག་དཔུང་ངམ། ཡང་ན་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་གང་ཞིག་གིས་ཚུར་རྒོལ་བྱེད་སྲིད་པའི་ཉེན་ཀ་བྱུང་ཚེ། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་རང་ལ་ཚུར་རྒོལ་མ་བྱུང་གོང་དུ་དགྲ་ཕྱོགས་ལ་རྡུལ་ཕྲན་མཚོན་ཆས་ཕར་རྒོལ་བྱེད་དགོས་པའི་སྲིད་ཇུས་ཤིག་བཟུང་ཡོད་ཅེས་གནས་ཚུལ་སྤེལ་པ་དང་། ཉི་ཧོང་གི་གསར་འགྱུར་ལས་ཁང་དེས་སྤེལ་པའི་གནས་ཚུལ་དེར་ཨེ་ཤེ་ཡའི་ཁྲིམ་མཚེས་རྒྱལ་ཁབ་ཁག་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་རུང་། གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧུང་ལེ་ཡིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གིས་རང་ལ་རྡུལ་ཕྲན་མཚོན་ཆས་ཚུར་རྒོལ་མ་བྱུང་བར་དུ་གཞན་ལ་རྡུལ་ཕྲན་མཚོན་ཆས་སྔོན་ལ་ཕར་རྒོལ་མི་བྱེད་པའི་སྲིད་ཇུས་ཤིག་བཟུང་ཡོད་པ་དང་། ད་ལྟའང་རྒྱ་ནག་གི་སྲིད་ཇུས་དེར་འགྱུར་བ་མེད་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG