དབྱིན་ཇིའི་སྲིད་བློན་ཟུར་པ་ལྕམ་མར་གྷ་རེཌ་ཐེཌ་ཅར་སྐུ་ཚེ་མ་ཟིན་པའི་ གནད་དོན་གྱི་ཐད་ཧོང་ཀོང་ནང་རྣམ་འགྱུར་འདྲེས་མ་ཞིག་སྟོན་གྱི་ཡོད་ཀྱང་། རྒྱ་ནག་གཞུང་གཉེར་གྱི་གསར་འགྱུར་ལས་ཁང་ཁག་གིས་དབྱིན་ཇིའི་སྲིད་བློན་ཟུར་པ་ ལྕམ་ཐེཌ་ཅར་ནི། རླབས་ཆེན་གྱི་དབུ་ཁྲིད་ཅིག་ཡིན་པ་མ་ཟད། དབྱིན་ཇིས་ཧོང་ཀོང་ གི་བདག་དབང་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་གནད་དོན་དེ། ལྕམ་ཐེཌ་ཅར་ གྱིས་འདུམ་འགྲིགས་བྱས་པའི་གྲུབ་འབྲས་ཆེ་ཤོས་ཞིག་ཡིན་ལུགས་བརྗོད་དེ་རེས་ གཟའ་མིག་དམར་ཉིན་རྒྱ་ནག་གིས་ལྕམ་ཐེཌ་ཅར་ལ་བསྔགས་བརྗོད་ཤུགས་ཆེ་བྱས་ ཡོད་པའི་སྐོར་རྒྱལ་སྤྱིའི་གསར་གནས་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་བྱང་ཆུབ་ སྒྲོལ་མས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།