ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༣/༠༣/༣༠

རྒྱ་ནག་གིས་ཎོ་བེལ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་མི་ཚོར་ཁ་རྡུང་།


རྒྱ་ནག་གིས་ཎོ་བེལ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་མི་ཚོར་ཁ་རྡུང་།

ཕྱི་ཟླ་༡༢་ཚེས་༡༠་ཉིན་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ལིའུ་ཤའོ་པོ་ལ་ཕྱི་ལོ་༢༠༡༠་ཐམ་པའི་ཎོ་བེལ་ཞི་བདེའི་གཟེངས་རྟགས་སྤྲོད་ཀྱི་ཡོད་པ་དང་། ད་རིང་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅང་ཡུའི་ཡིས་ཎོ་བེལ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་མི་རྣམས་གད་མོ་སློང་མཁན་འཁྲབ་སྟོན་པ་དང་གཅིག་མཚུངས་ཡིན། ཁོང་ཚོས་རྒྱ་ནག་གི་ཁྲིམས་འགལ་ཉེས་ཅན་པ་ཞིག་ལ་ལོ་འདིའི་ཎོ་བེལ་ཞི་བདེའི་གཟེངས་རྟགས་སྤྲོད་རྒྱུའི་ཐག་གཅོད་བྱས་པ་མ་ཟད། རྒྱ་ནག་དགྲ་ཟླར་འཛིན་པའི་བྱ་སྤྱོད་སྐྱུགས་བྲོ་ཞིག་སྤེལ་གྱི་ཡོད་རུང་། འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བས་ཎོ་བེལ་གཟེངས་རྟགས་ཚོགས་ཆུང་གི་ཐག་གཅོད་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། སྤྱི་སྒེར་སུ་ཞིག་གིས་ལིའུ་ཤའོ་པོ་ལ་ཁ་གཡར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་རྒྱུ་དེར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། གད་མོ་སློང་མཁན་འཁྲབ་སྟོན་པ་འགས་ཐེ་གཏོགས་བྱས་པ་དེ་ལ་བརྟེན་ནས་ང་ཚོས་རྒྱ་ནག་ལ་འགྱུར་བ་གཏོང་དགོས་དོན་མེད་ཅེས་གསར་འགོད་ལྷན་ཚོགས་ཤིག་ཏུ་གཏམ་བཤད་བྱས་ཡོད་པ་རེད།།

XS
SM
MD
LG