ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་མིས་ཉི་ཧོང་གཞུང་ཚབ་ཀྱི་རླངས་འཁོར་སྒང་ནས་རྒྱལ་དར་དབྲལ་བ།


རེས་གཟའ་ཟླ་བའི་ཉིན་པད་ཅིང་དུ་ཉི་ཧོང་གི་གཞུང་ཚབ་ཆེན་པོའི་རླངས་འཁོར་སྒང་ནས་ རྒྱ་མི་ཞིག་གིས་ཉི་ཧོང་གི་རྒྱལ་དར་དབྲལ་པའི་གནས་ཚུལ་བྱུང་བར་ཉི་ཧོང་གི་ཕྱི་སྲིད་ལྷན་ཁང་གིས་རྒོལ་གཏམ་དྲག་པོ་བཏང་བ་མ་ཟད་ རྒྱ་ནག་གཞུང་གིས་ངེས་པར་དུ་གནས་ཚུལ་དེར་བཙལ་ཞིབ་གསལ་པོ་ཞིག་བྱེད་དགོས་པའི་འདུན་པ་བཏོན་འདུག

ཡང་དེའི་བར་ན་ ཉི་ཧོང་གི་རྒྱལ་ས་ཐོ་ཁིའོ་ གྱི་སྤྱི་ཁྱབ་སྐུ་ཞབས་ཨི་ཤ་ཧཱ་ར་ཡིས་རྒྱ་ནག་དང་ཉི་ཧོང་བར་རྩོད་གླེང་ཡོད་པའི་གླིང་ཕྲན་ཁག་གི་བདག་དབང་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེའི་རང་བཞིན་གསུངས་བའི་སྐབས་བོད་འདི་དཔེ་མཚོན་ལ་བཞག་སྟེ་ ཉི་ཧོང་འདི་བོད་ལྟ་བུ་ཞིག་ལ་མ་འགྱུར་བ་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG