ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་དྲ་རྒྱ་སྟངས་འཛིན་བྱེད་མཁན་ཡུ་གུར་བ་གསུམ་བཙོན་འཇུག


རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ཡུ་གུར་པ་དྲ་རྒྱ་བདག་གཉེར་བྱེད་མཁན་གསུམ་ལ་བཙོན་འཇུག་གི་ཉེས་ཆད་བཅད་ཡོད་ཅིང༌། ཁྲིམས་ཁང་གིས་ཡུ་གུར་པ་གསུམ་པོ་དེར་ཁྲིམས་གཅོད་བྱས་པའི་གྱོད་གཞི་དེ་ནི། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་ཆབ་སྲིད་ཀྱི་གནད་དོན་ཚོར་སྐྱེན་རྣོན་པོ་དེ་རྣམས་ཡུ་གུར་སྐད་ཀྱི་དྲ་རྒྱ་ཁག་ལ་འགྲེམ་སྤེལ་ཡོད་དེར་ཐུག་ཡོད་ཟེར་གྱི་ཡོད་པ་དང༌། ཨ་མི་རི་ཀའི་ཡུ་གུར་པའི་མཐུན་ཚོགས་ཀྱིས་མི་གསུམ་ལ་རྒྱ་ནག་གཞུང་གིས་བཙོན་འཇུག་བྱེད་དགོས་པའི་ཁྲིམས་ཐག་བཅད་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད་པ་རེད།།

XS
SM
MD
LG