ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་ནི་མི་ནག་ཚོང་རྒྱག་ཡུལ་སྡུག་ཤོས་ཨང་གསུམ་པར་གྱུར།


༄༅།། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་ཟླ་༧་པའི་ཚེས་༡་ཉིན་ཏེ། རེས་གཟའ་ཕུར་བུའི་ཉིན་ལོ་འཁོར་སྙན་ཐོ་ཞིག་བཏོན་ཡོད་པ་དེར་འཁོད་པ་ལྟར་ན། རྒྱལ་ཁབ་༡༧་གྱི་ནང་དུ་མི་ནག་ཚོང་རྒྱག་གི་ཡོད་ཀྱང་རྒྱ་ནག་གཞུང་གིས་ནག་ཚོང་དེར་བཀག་སྡོམ་ནུས་པ་ཐོན་པ་ཞིག་བྱེད་ཀྱི་མེད་ཅིང་། རྒྱ་ནག་ནི་མི་ནག་ཚོང་རྒྱག་ཡུལ་སྡུག་ཤོས་ཀྱི་རྒྱལ་ཁབ་ཨང་གསུམ་པ་དེ་ཡིན་པ་དང་རྒྱ་ནག་དམར་ཤོག་གི་དབང་འཛིན་པ་ཚོས་ཞིན་ཅང་གི་ཡུ་གུར་བ་ཚོ་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་ཡོད་པ་རྣམས་བཀོད་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོ་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG