ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཞིབ་འཇུག་ཚོགས་པ་ཞིག་གིས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་བརྡ་འཕྲིན་ཡོ་བྱད་བཟོ་ཚོང་ཁང་གཉིས་ལ་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཚོང་འབྲེལ་འཛུགས་རྒྱུ་གཡོལ་ཐབས་བྱས་ཏེ། རྒྱ་ནག་གི་བརྡ་འཕྲིན་ཡོ་བྱད་བཟོ་ཚོང་ཁང་དེ་དག་གིས་ཨ་མི་རི་ཀའི་བརྡ་འཕྲིན་ཡོ་བྱད་བཟོ་ཚོང་ཁང་ཁག་ཅིག་ཉོ་རྩིས་བྱེད་པའམ། ཡང་ན་ཨ་རིའི་བརྡ་འཕྲིན་ཡོ་བྱད་བཟོ་ཚོང་ཁང་གང་ཞིག་ལ་ཟླ་སྒྲིལ་བྱ་ཐབས་བྱེད་ཀྱི་ཡོད་ཀྱང་ཨ་མི་རི་ཀའི་གཞུང་གིས་དེ་ལ་འགོག་ཐབས་བྱ་དགོས་པ་དང་། རྒྱ་ནག་གི་བརྡ་འཕྲིན་ཡོ་བྱད་བཟོ་ཚོང་ཁང་དེ་དག་གིས་ཨ་མི་རི་ཀའི་ཚོང་ལས་དང་དཔལ་འབྱོར། དམག་དོན་སོགས་རྒྱལ་ཁབ་ཀྱི་གསང་བར་འབྲེལ་བ་ཡོད་པའི་གནས་ཚུལ་མང་པོ་ཞིག་རྐུ་འཁྱེར་བྱེད་སྲིད་པའི་ཉེན་ཀ་ཡོད་ཅེས་ཞིབ་འཇུག་སྙན་ཐོ་བཏོན་ཡོད་པ་རེད།
XS
SM
MD
LG