ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་ཕྱི་སྡོད་བོད་མི་ནང་འགུགས་ཀྱི་ཚོགས་འདུ་ཚོགས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་ས་ཁུལ་ཁག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གཙོས་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཁག་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོར་བོད་ཁུལ་སྤྱི་ཡོངས་སུ་གཅིག་གྱུར་གྱི་སྲིད་ཇུས་ཤིག་དགོས་པའི་གྲོས་བསྡུར་ཚོགས་འདུ་ཚོགས་ཡོད་ཅིང་། ཟླ་བ་འདིའི་ཚེས་༡༠་ཉིན་རྒྱ་ནག་གི་སྲིད་འཛིན་ས་ཁུལ་ལྟར་ན་ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏུ་སྤྱི་ལོ་༢༠༡༦་ལོའི་བོད་ཁུལ་གྱི་ཞིང་ཆེན་བཞི་དང་བོད་རང་སྐྱོང་ལྗོངས་བཅས་ཀྱི་ས་ཁུལ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འཐུས་མི་དང་གཞུང་འབྲེལ་མི་སྣ་རྣམས་ལྷན་དུ་འཛོམས་ཏེ། ཁོ་ཚོས་བོད་ཁུལ་སྤྱི་ཡོངས་ཀྱི་ཕྱི་སྡོད་བོད་མིའི་སེམས་པ་འགུགས་ཐབས་དང་ཕྱི་སྡོད་བོད་མི་ཚོར་སྣེ་ལེན་བྱེད་ཕྱོགས། ཕྱི་སྡོད་བོད་མིའི་གནས་སྟངས་ལ་རྒྱུས་ལོན་ཡོང་ཐབས་བཅས་ཀྱི་གྲོས་བསྡུར་བྱས་འདུག ས་ཁུལ་སོ་སོས་ཕྱི་སྡོད་བོད་མི་འགུགས་ཐབས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། བོད་རང་སྐྱོང་ལྗོངས་དང་ཞིང་ཆེན་བཞིའི་ནང་གི་བོད་ས་ཁག་མཉམ་འབྲེལ་དང་གཅིག་གྱུར་གྱི་སྒོ་ནས་འབྲེལ་མཐུད་ལམ་ལུགས་ཤིག་འཛུགས་དགོས་པ་གླེང་སློང་བྱས་ཡོད་པའི་གནས་ཚུལ་ཐོན་རུང་། བོད་གནས་ཉམས་ཞིབ་པ་ཚོས་ཚོགས་འདུ་དེ་རྒྱ་ནག་གཞུང་གིས་བོད་ས་ཡོངས་ཀྱི་ཕྱི་སྡོད་བོད་མི་ཚོར་འཛིན་པའི་གཅིག་གྱུར་གྱི་སྲིད་ཇུས་ཤིག་འཛིན་རྒྱུའི་ཕྱོགས་སུ་སྐྱོད་ཀྱི་ཡོད་པ་དང་། བོད་ས་ཕན་ཚུན་ལ་འབྲེལ་མཐུད་ཀྱི་ལམ་ལུགས་ཤིག་འཛུགས་རྒྱུའི་རྣམ་པ་གསར་པ་ཞིག་ཡིན་མོད། འོན་ཀྱང་ཚོགས་འདུ་འདིའི་སྟེང་གི་སྐད་ཆ་རྣམས་ཁ་གཡང་ཙམ་ལས་དངོས་སུ་ལག་ལེན་བསྟར་ཏེ་ཤུགས་རྐྱེན་ཐེབས་ཐུབ་པ་གང་ཡང་ཡོང་གི་མ་རེད་ཅེས་བརྗོད་འདུག

XS
SM
MD
LG