རྒྱ་ནག་གིས་རེས་གཟའ་ཉི་མའི་ཉིན་འདོན་སྤེལ་བྱས་པའི་ལོ་རེའི་འགྲོ་བ་མིའི་ ཐོབ་ཐང་གི་གནས་སྟངས་ཐད་ཀྱི་ཞིབ་འཇུག་སྙན་ཐོ་ཞིག་གི་ནང་། ཨ་མེ་རི་ཀའི་ནང་ བེུད་དང་གྲངས་ཉུང་མི་རིགས་ཚོར་དབྱེ་འབྱེད་བྱེད་ཀྱི་ཡོད་པ་མ་ཟད། ཚོད་འཛིན་ བྱེད་མི་ཐུབ་པའི་མེ་མདའ་བེད་སྤྱོད་བྱས་ཏེ་དྲག་རྩུབ་ཀྱི་བྱ་སྤྱོད་ལག་བསྟར་བྱེད་ མཁན་མང་པོ་ཡོད་ལུགས་བརྗོད་དེ། ཨ་མེ་རི་ཀས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ གནས་སྟངས་ཐད་སྐྱོན་བརྗོད་བྱས་པའི་ལོ་རེའི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་སྙན་ཐོ་ཞིག་རེས་གཟའ་པ་སངས་ཉིན་འདོན་སྤེལ་བྱས་པ་དེར་དགག་ལན་སློག་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་གནས་ཁག་ལ་ཐོན་པའི་གནས་ཚུལ་རྣམས་བྱང་ཆུབ་སྒྲོལ་མས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།