ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གིས་བལ་ཡུལ་ལ་ཐེ་གཏོགས།


ཨ་རིའི་གྲོས་ཚོགས་ཀྱི་ཞིབ་འཇུག་ལས་ཁང་གིས་གསར་དུ་བཏོན་པའི་སྙན་ཐོ་དེར་རྒྱ་ནག་གིས་བལ་ཡུལ་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཐེ་གཏོགས་བྱེད་ཀྱི་ཡོད་པ་སྟེ། ཁོང་ཚོས་བོད་པ་བཙན་བྱོལ་བ་ཚོར་བལ་ཡུལ་ས་ཐོག་ཏུ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མི་ཆོག་པའི་བཀག་འགོག་བྱེད་དུ་འཇུག་རྒྱུ་དང་། རྒྱ་ནག་གིས་བལ་ཡུལ་བརྒྱུད་ནས་བཙན་བྱོལ་བོད་གཞུང་གི་ལྟེ་གནས་སུ་སིལ་འཛུལ་བ་མངག་གཏོང་བྱས་ཏེ། ཁོང་ཚོར་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པའི་ལས་དོན་སྒྲུབ་ཕྱོགས་ལ་བལྟ་ཞིབ་བྱེད་དུ་འཇུག་གི་ཡོད་པ་སོགས་འཁོད་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་དེ་པདྨ་བདེ་ཆེན་གྱིསཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG