ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁོར་ཡུག་ཉམས་ཞིབ་པ་དང་ས་དཔྱད་རིག་པ་བ་ཚོས། རྒྱ་ནག་གཞུང་གིས་མིའི་རིགས་ཀྱི་ལོ་རྒྱུས་ནང་དུ་དེ་སྔ་བྱུང་མྱོང་མེད་པའི་ཆུ་ཤུགས་གློག་འདོན་གྱི་ཆུ་རག་མང་པོ་རྒྱག་བཞིན་པ་དེ་ནི་་འོད་འཕྲོ་ནུས་པ་ཆུང་བའི་གློག་འདོན་རྒྱུའི་ཆེད་དུ་ཡིན་པའི་རྒྱུ་མཚན་ཤོད་བཞིན་ཡོད་ཀྱང་། དོན་དངོས་སུ་ཆུ་ཤུགས་གློག་འདོན་གྱི་ཆུ་རག་དེ་དག་གིས་རྒྱ་ནག་ཁོ་རང་ཚོའི་མངའ་ཁུལ་གྱི་གཙང་བོ་ཁག་གཙོ་བོར་བྱེད་པའི་ལྷོ་ཤར་ཨེ་ཤ་ཡའི་ཁུལ་གྱི་གཙང་བོ་ཁག་གི་བཞུར་རྒྱུན་ཁྱོན་ཡོངས་ལ་གནོད་སྐྱོན་ཚབས་ཆེ་གཏོང་བཞིན་པ་དང་། རྒྱ་ནག་གཞུང་གི་ས་དཔྱད་རིག་པས་ཀྱང་ རྒྱ་ནག་གི་ཆུ་རག་འཛུགས་བསྐྲུན་གྱི་ལས་གཞི་ཁག་ནི་མ་འོངས་མི་རབས་ཚོའི་ཆེད་དུ་ངོ་གནོངས་དགོས་པ་ཞིག་ཡིན་པའི་ལྟ་ཚུལ་འཛིན་བཞིན་ཡོད། ཚེ་རིང་སྐྱིད་ཀྱིས་འདིར་སྐོར་ནས་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG