ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་འཛམ་གླིང་གསར་འགྱུར།


རྒྱ་ནག་གིས་ཆུ་ཚོད་༢༤་རིང་དབྱན་སྐད་ཀྱི་བརྙན་འཕྲིན་གསར་འགྱུར་རྒྱང་སྲིང་བྱས་ཏེ། འཛམ་གླིང་མི་དམངས་ལ་རྒྱ་ནག་གི་ལྟ་ཚུལ་དང་མཐུན་པའི་གསར་འགྱུར་རྒྱང་སྲིང་བྱ་རྒྱུའི་དམིགས་ཡུལ་བཅངས་ཡོད་ཀྱང༌། མི་མང་པོ་ཞིག་གིས་རྒྱ་ནག་གི་ཞིབ་བཤེར་དང་བཀག་སྡོམ་འོག་ཞིན་ཧྭ་གསར་འགྱུར་ལས་ཁང་གི་གསར་འགྱུར་ལ་ཤུགས་རྐྱེན་དང༌། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་རྒྱང་སྲིང་བྱས་པའི་གསར་འགྱུར་དེ་ཚོར་ཡིད་ཆེས་བྱད་མཁན་ཡོང་དཀོན་པའི་ཚོད་དཔག་བྱེད་ཀྱི་ཡོད་རུང༌། ཉམས་ཞིབ་པ་ཁག་ཅིག་གིས་ཆུ་ཚོད་༢༤་ རིང་གི་དབྱིན་སྐད་ཀྱི་གསར་འགྱུར་འདིས་རྒྱལ་སྤྱི་ལས་རྒྱ་ནག་ནང་ཁུལ་ལ་ཤུགས་རྐྱེན་ཆེ་བ་ཐེབས་སྲིད་པ་དང༌། རྒྱ་ནག་གིས་དབྱིན་སྐད་ཀྱི་བརྙན་འཕྲིན་གསར་འགྱུར་ཞིག་རྒྱང་སྲིང་བྱད་ཀྱི་ཡོད་པ་དེར་དོགས་འདྲོགས་བྱེད་དགོས་པ་ཞིག་མིན་པའི་བསམ་ཚུལ་བརྗོད་ཡོད་པ་རེད།

XS
SM
MD
LG