ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཨ་རི་དང་དབྱིན་ཇི། ཨོ་གླིང་བཅས་ཀྱི་མཉམ་འབྲེལ་དང་རྒྱ་ནག


༄༅།། ཨ་མི་རི་ཀ་དང་དབྱིན་ཇི། ཨོ་གླིང་གསུམ་མཉམ་འབྲེལ་གྱིས་རྡུལ་ཕྲན་ནུས་ཤུགས་ལ་བརྟེན་པའི་མཚོ་འོག་དམག་གྲུ་གསར་བཟོ་བྱས་ནས་རྒྱ་གར་རྒྱ་མཚོ་ནས་ཞི་བདེའི་རྒྱ་མཚོའི་བར་གྱི་ཞི་བདེ་སྲུང་སྐྱོབ་བྱེད་པར་ཨོ་གླིང་རྒྱལ་ཁབ་ལ་ཚད་མཐོའི་འཕྲུལ་རིག་ལག་རྩལ་མཁོ་སྤྲོད་བྱ་རྒྱུའི་ཐག་གཅོད་བྱུང་མོད། འོན་ཀྱང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་ཨ་རི་དང་དབྱིན་ཇི། ཨོ་གླིང་གསུམ་གྱི་མཉམ་འབྲེལ་དེས་མངའ་ཁུལ་དེའི་ཞི་བདེ་བརྟན་ལྷིང་མེད་པར་བཏང་སྟེ་མཚོན་ཆའི་འགྲན་སྡུར་ཆེ་རུ་གཏོང་གི་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG