ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཕུར་བུ། ༢༠༢༦/༠༥/༡༤
བོད།
རྒྱ་གཞུང་གིས་བོད་པའི་གྲྭ་བཙུན་ཚོ་སློབ་གྲྭར་འགྲིམ་དགོས་ཟེར།
༠༡།༠༧།༢༠༢༠
རྒྱ་གཞུང་གིས་བོད་པའི་གྲྭ་བཙུན་ཚོ་སློབ་གྲྭར་འགྲིམ་དགོས་ཟེར།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
རྒྱ་གཞུང་གིས་བོད་པའི་གྲྭ་བཙུན་ཚོ་སློབ་གྲྭར་འགྲིམ་དགོས་ཟེར།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:04:15
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། དེང་སྐབས་རྒྱ་གཞུང་གིས་དབྱེ་བགོ་བྱེད་ཡོད་པ་ལྟར་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཁུལ། ཁྲི་འདུ་རྫོང་ཁོངས་ཀྱི་དགོན་སྡེ་ཁག་ཏུ་ཆོས་ཞུགས་བྱེད་ཡོད་པའི་གྲྭ་བཙུན་ལོ་༡༨་ལ་མ་སོན་པ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་འཐོབ་ཐབས་སུ་གཞུང་གི་སློབ་གྲྭ་ཁག་འགྲིམ་དགོས་པའི་བཀའ་རྒྱ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་མིང་དངོས་སུ་བརྗོད་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་སྔ་རྗེས་སུ་བཀའ་རྒྱ་ཡང་ཡང་བཏང་སྟེ་གྲྭ་བཙུན་ལོ་ཆུང་རྣམས་སློབ་གྲྭར་འགྲིམ་དགོས་ཟེར། ལྷག་པར་དུ་ཁ་སང་སྤྱི་ཟླ་༦་པའི་ཚེས་༣༠་ཉིན་ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་པ་ལོ་༡༨་ལ་མ་སོན་པ་༦༠་ནས་༧༠་ཡས་མས་ཤིག་གཞུང་གི་བཀའ་རྒྱ་ལྟར་རྫོང་གི་སློབ་གྲྭར་བསྐྱལ་ནས་ཐོ་འགོད་བྱས་པ་དང་འདྲ་པར་ལེན་པ་སོགས་བྱས་འདུག
ད་དུང་དགོན་པ་གཞན་ཁག་ལའང་དཀའ་ངལ་གཅིག་མཚུངས་ཤིག་འཕྲད་བཞིན་ཡོད་པ་སྟེ། མདོ་སྔགས་སྐལ་བཟང་ཆོས་འཁོར་གླིང་ཞེས་པའི་བཙུན་དགོན་དེའི་བཙུན་མ་མང་པོ་ཞིག་ཀྱང་གཞུང་གི་སློབ་གྲྭར་འགྲིམ་དགོས་པའི་འབོད་འགུག་བྱས་འདུག་ཅིང་། རྒྱ་ནག་གི་འཆར་གཞི་ལྟར་ན་དུས་ཡུན་ཉིན་གྲངས་༢༠་ནས་ཟླ་ངོ་གཅིག་ཙམ་ལ་རྫོང་ཐོག་གི་སློབ་གྲྭའི་ནང་དུ་གྲྭ་བཙུན་ཚོར་སློབ་གསོ་སྤྲོད་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་རྒྱུ་ཡིན་པར་མ་ཟད། གྲྭ་བཙུན་དེ་དག་གི་ཕ་མ་ཁག་ཅིག་གིས་གཞུང་གི་བཀའ་རྒྱ་དེར་མི་འདོད་རྣམ་འགྱུར་བསྟན། ཁོ་ཚོས་རང་གི་བུ་ཕྲུག་ཚོ་ཐོག་མ་ཉིད་ནས་སློབ་གྲྭར་གཏོང་མ་ཤེས་པ་མིན། ང་ཚོར་བུ་ཕྲུག་དགོན་པར་བསྐྱལ་ནས་ནང་ཆོས་ལ་སློབ་སྦྱོང་བྱེད་དུ་འཇུག་འདོད་ཡོད་པས་དགོན་པར་བསྐྱལ་བ་ཡིན། བུ་ཕྲུག་ཚོར་གང་འདོད་བྱེད་དུ་འཇུག་མི་ཆོག གལ་སྲིད་རྒྱལ་ཁབ་ཀྱིས་ང་ཚོའི་བུ་ཕྲུག་དགོན་པར་འདུག་ཏུ་མི་འཇུག་ཚེ་། ང་ཚོས་རང་གི་བུ་ཕྲུག་རྣམས་རང་ཁྱིམ་ལ་ཕྱིར་ཁྲིད་བྱ་རྒྱུ་ཡིན་ཟེར་འདུག
གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། ཕ་མ་ཁག་ཅིག་གིས་བུ་ཕྲུག་རྣམས་རང་ཁྱིམ་ལ་ཁྲིད་འགྲོ་བ་དང་ཕ་མ་ཁག་ཅིག་གིས་བུ་ཕྲུག་རྣམས་རྫོང་ཐོག་ཏུ་སློབ་གྲྭར་ཁྲིད་རྗེས་དགོན་པར་ཕྱིར་སློག་བྱེད་ཀྱི་ཡོད་པའང་འབྱུང་གི་ཡོད་འདུག རྒྱ་ནག་གིས་ལོ་༡༨་ལ་མ་སོན་པའི་གྲྭ་བཙུན་རྣམས་སློབ་གྲྭར་སྐྱེལ་དགོས་ཞེས་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པའི་དམིགས་ཡུལ་ནི་བོད་པ་ལོ་ཆུང་ཚོའི་བསམ་བློར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་འདུ་ཤེས་བསྐྱེད་ཐུབ་པའི་ཆེད་དུ་ཡིན་ཞིང་། དུས་ཡུན་ཉིན་གྲངས་༢༠་ནས་ཟླ་ངོ་གཅིག་ཙམ་ལ་སློབ་གྲྭར་བསྐྱལ་ནས་སྦྱངས་འབྲས་འཐོན་ཐུབ་རྒྱུ་ཁག་པོ་རེད། གཙོ་བོ་དགོན་སྡེའི་སློབ་གསོ་དང་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་བཅས་ལ་སློབ་སྦྱོང་བྱེད་དུ་འཇུག་རྒྱུའི་ཚབ་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་བབ་ཆག་ཟབ་མོ་ཞིག་འཇོག་ཐུབ་པའི་ཆེད་དུ་རེད་ཅེས་བརྗོད་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།།
འབྲེལ་ཡོད།
སུད་སི་ནང་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ།
བྱེས་ཀྱི་གདན་ས་སེ་རའི་གྲྭ་པ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་འདུག
རྒྱ་ནག་གི་ས་ཁྲའི་ནང་དུ་རྩོད་གཞི་ཆེ་བའི་ས་ཆ་ཁག་ཅིག་བཀོད།
XS
SM
MD
LG