ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་སྤེན་པ། ༢༠༢༦/༠༢/༠༧
བོད།
བོད་པའི་ཁྱིམ་ཚང་ཁག་གིས་ཞིས་ཅིན་ཕིང་གི་འདྲ་པར་བཤམ་དགོས་པ།
༡༣།༠༥།༢༠༢༠
བོད་པའི་ཁྱིམ་ཚང་ཁག་གིས་ཞིས་ཅིན་ཕིང་གི་འདྲ་པར་བཤམ་དགོས་པ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
བོད་པའི་ཁྱིམ་ཚང་ཁག་གིས་ཞིས་ཅིན་ཕིང་གི་འདྲ་པར་བཤམ་དགོས་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:04:15
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། རྒྱ་ནག་གཞུང་གིས་བོད་ཀྱི་དཔལ་ཡུལ་རྫོང་དང་ཛམ་ཐང་ཕྱོགས་ཀྱི་བོད་པ་མང་ཚོགས་ལ་འདོད་མོས་ཡོད་མེད་མི་བལྟ་བར་རྒྱ་ནག་གི་འགོ་ཁྲིད་ཚོའི་འདྲ་པར་རེ་ཁྱིམ་ཚང་ཁག་ལ་བགོ་འགྲེམ་གྱིས་སྒྲིག་གཤོམ་བྱེད་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༥་ཚེས་༡༣་ཉིན་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་དོན་ལྟར་ན། རྒྱ་ནག་གི་སི་ཁྲོན་ཞིང་ཆེན་ཁོངས་སུ་ཆ་བགོས་བྱེད་ཡོད་པའི་དཔལ་ཡུལ་རྫོང་གི་ཁྲོམ་ཐ་ཁོག་ཡུལ་མཚོ་དང་སྡེ་པ་ཚང་མའི་བོད་པའི་ཁྱིམ་ཚང་ཕལ་ཆེ་བར་རྒྱལ་ཁབ་ཀྱི་འཛུགས་སྐྲུན་གསར་པ་དང་དབུལ་ཕོངས་ཕྱུག་འགྱུར་ཞེས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་དང་ཏིན་ཞའོ་ཕིན། ཞིས་ཅིན་ཕིན་བཅས་ཀྱི་འདྲ་པར་ཞིག་བོད་པའི་ཁྱིམ་ཚང་ཁག་ལ་བགོ་འགྲེམ་བྱས་ནས་སྒྲིག་གཤོམ་བྱེད་དུ་འཇོག་བཞིན་ཡོད་པ་རེད།།
ཐོག་མར་བོད་པའི་དུད་ཁྱིམ་སོ་སོའི་མཆོད་བཤམས་ནང་དུ་འདྲ་པར་དེ་བཤམ་དགོས་པའི་གླེང་སློང་བྱུང་ཡང་ཕྱིས་སུ་མཆོད་གཤོམ་ནང་དུ་སྒྲིག་གཤོམ་བྱེད་མི་དགོས་པར་གོང་རིམ་གྱི་ལས་བྱེད་པ་སོགས་སླེབས་པའི་སྐབས་སུ་འདྲ་པར་དེ་ཀུན་གྱིས་མཐོང་ཐུབ་ས་དང་ཁང་པའི་ནང་གི་མཐོ་ས་ཞིག་ལ་འགེལ་དུ་འཇུག་གི་ཡོད་འདུག འདི་ནི་གཙོ་བོ་རྒྱལ་ཁབ་ལ་དགའ་ཞེན་དང་བཀའ་དྲིན་ཆེ་ཚུལ་གྱི་རྣམ་པ་སྟོན་ཐབས་སུ་འདྲ་པར་དེ་དག་སྦྱར་དགོས་པ་ཞིག་རེད་ཅེས་བརྗོད་སོང་།།
འདི་དང་དུས་མཚུངས་སུ་བོད་ནང་གི་ཛམ་ཐང་ཕྱོགས་ཀྱི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་ཀྱང་སི་ཁྲོན་ཞིང་ཆེན། རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཛམ་ཐང་རྫོང་གི་མངའ་ཁོངས་ནམ་ཟླ་ཡུལ་མཚོ་དང་ཀ་ཐོག་ཛི་རོང་སོགས་ཀྱི་ཡུལ་སྡེ་དང་ཚོ་བ་ཚང་མའི་ནང་དུ་རྒྱ་གཞུང་གི་བཀོད་ཁྱབ་ལྟར་བོད་པའི་དུད་ཁྱིམ་ཁག་ལ་ལོ་ཤས་རིང་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་གསུམ་གྱི་འདྲ་པར་སྒྲིག་གཤོམ་བྱེད་དུ་བཅུག་མོད། འོན་ཀྱང་ད་ལོ་ནས་བཟུང་སྟེ་རྒྱ་ནག་གི་སྲིད་འཛིན་ལས་ཐོག་ཞིས་ཅིན་ཕིང་གཅིག་པུའི་འདྲ་པར་མ་གཏོགས་འདྲ་པར་གཞན་ཚང་མ་ལེན་དུ་བཅུག་ཡོད་ཅིང་། དེང་སྐབས་བོད་པའི་ཁྱིམ་ཚང་ཁག་ལ་ཞིས་ཅིན་ཕིང་གི་འདྲ་པར་ཆེན་པོ་རེ་བགོ་འགྲེམ་བྱས་ནས་ཁྱིམ་གྱི་མཐོ་ས་ཞིག་ལ་འགེལ་དུ་འཇོག་བཞིན་ཡོད་འདུག བོད་པའི་ཁྱིམ་ཚང་གཅིག་ཀྱང་མ་ལུས་པར་འདྲ་པར་དེ་བཤམ་དགོས་པ་དང་། གལ་སྲིད་སྲིད་གཞུང་གིས་སྤྲད་པའི་ཞིས་ཅིན་ཕིང་གི་འདྲ་པར་དེ་མ་བཤམས་ན་རྒྱལ་ཁབ་ལ་ངོ་ལོག་དང་མི་དགའ་བའི་རྣམ་འགྱུར་བསྟན་པའི་གྲས་སུ་བརྩིས་ཏེ་རྗེས་སོར་དཀའ་ངལ་འཕྲད་རྒྱུ་ཡིན་ཞིང་། དེར་བརྟེན་བོད་པའི་ཁྱིམ་ཚང་ཁག་ལ་ཞིས་ཅིན་ཕིང་གི་འདྲ་པར་བཤམས་ནས་བཞག་འདུག་ཅེས་བརྗོད་སོང་།།
གཞན་ཡང་བོད་ནང་གི་མགོ་ལོག་ཁུལ་གྱི་རྫོང་ཁག་ཚང་མ་དང་མཚོ་ལྷོ་ཁུལ་གྱི་ས་གནས་ཁག་བཅས་རྒྱ་གཞུང་གིས་ལོ་ལྟར་རོགས་དངུལ་སྤྲོད་ཡུལ་བོད་པ་ཚང་མས་རང་ཁྱིམ་གྱི་མཐོ་ས་ཞིག་ལ་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་འདྲ་པར་རེ་སྒྲིག་གཤོམ་བྱེད་དགོས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
འབྲེལ་ཡོད།
ཆབ་སྲིད་བཙོན་ཟུར་ཆོས་ཀྱིས་འདས་གྲོངས་སུ་གྱུར་འདུག
བསྟན་འཛིན་ཆོས་འཕེལ་གང་དུ་ཡོད་མེད་གསལ་བཤད་བྱ་དགོས་པའི་ནན་བརྗོད།
XS
SM
MD
LG