ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་མིག་དམར། ༢༠༢༦/༠༢/༡༠
བོད།
བོད་པའི་གྲྭ་བཙུན་ལོ་ན་༡༨་ལ་མ་སོན་པ་ཚོ་སློབ་གྲྭར་འགྲིམ་དགོས་པ
༢༡།༠༧།༢༠༢༠
བོད་པའི་གྲྭ་བཙུན་ལོ་ན་༡༨་ལ་མ་སོན་པ་ཚོ་སློབ་གྲྭར་འགྲིམ་དགོས་པ
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཁུལ་དུ་བོད་ཀྱི་དགོན་སྡེ་ཁག་ལ་ཆོས་ཞུགས་བྱེད་ཡོད་པའི་གྲྭ་བཙུན་ལོ་ན་༡༨་ལ་མ་སོན་པ་ཚོ་རྒྱ་གཞུང་གིས་བཙུགས་པའི་སློབ་གྲྭ་ཁག་འགྲིམ་དགོས་པའི་སྲིད་ཇུས་ཤིག་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་རྣམས་བོད་ཕྱི་ལོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་ཅིང་། ད་ལྟ་གསར་འགོད་པས་སླར་ཡང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་དབྱེ་བགོ་བྱེད་ཡོད་པའི་བོད་ས་ཁག་ཏུའང་སྲིད་ཇུས་གཅིག་མཚུངས་ཤིག་ལག་ལེན་བསྟར་གྱི་ཡོད་པ་རེད། དེ་ཡང་ཕྱི་ཟླ་༧་པའི་ཚེས་༢༡་ཉིན་གསར་འགྱུར་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་གྱི་བོད་པའི་དགོན་སྡེ་ཁག་ཏུ་གྲྭ་བཙུན་ལོ་ན་༡༨་ལ་མ་སོན་པ་ཆོས་ཞུགས་བྱེད་ཡོད་པ་རྣམས་སྲིད་གཞུང་གི་བཀའ་རྒྱ་ལྟར་གཞུང་གཉེར་སློབ་གྲྭ་ཁག་འགྲིམ་དགོས། ཁོ་ཚོས་ལུས་ལ་སྐྱ་ཆས་གྱོན་དགོས་ཞེས་བཙན་བཀའ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
གསར་འགྱུར་མཁོ་སྤྲོད་པའི་སྐད་ཆ་དེ་ཚོར་བསམ་ཞིབ་བྱེད་ཚེ། ད་ལྟ་རྒྱ་ནག་གཞུང་གིས་བོད་ཀྱི་མདོ་ཁམས་ཕྱོགས་སུ་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་འདི་བོད་ས་ཁག་ལ་གསར་དུ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་ཤིག་མིན་པ་དཔོགས་ནུས། རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་ནང་ལ་སྲིད་ཇུས་འདྲ་མིན་ཞིག་ལག་ལེན་བསྟར་ནས་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་བཞིན་པའི་གྲས་ཤིག་ཡིན་པ་གསལ་རྟོགས་ཐུབ། ཉམས་ཞིབ་པ་ཚོས་བོད་ཀྱི་དགོན་སྡེ་ཁག་དང་གྲྭ་བཙུན་ཚོས་བོད་པའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་གཅེས་འཛིན་བཅས་ལ་ནུས་པ་ཆེན་པོ་ཞིག་འཐོན་གྱི་ཡོད་པས་རྒྱ་ནག་གཞུང་གིས་དམིགས་འབེན་དུ་འཛིན་གྱི་འདུག་ཅེས་བཤད།།
རྒྱ་ནག་གཞུང་གིས་གྲྭ་བཙུན་ལོ་ཆུང་རྣམས་གཞུང་གཉེར་སློབ་གྲྭ་ཁག་འགྲིམ་དགོས་ཞེས་སྲིད་ཇུས་ཤིག་ལག་ལེན་བསྟར་ཡུལ་དགོན་སྡེ་ཁག་ནི་ཁྲོམ་བཀྲ་ཤིས་དགོན་དང་སྤྱི་འདུལ་སྐལ་བཟང་དགོན། སྣ་ཐ་སེངས་གྲགས་དགོན་དང་ཁྲོན་རྡོ་དཀར་དགོན། སྡེ་དགེ་རྩ་ར་དགོན་བཅས་ཡིན་ཞིང་། ཉིན་འདི་དག་གི་རིང་དུ་བོད་ཀྱི་དགོན་སྡེ་དེ་ཚོར་རྒྱལ་ཁབ་ཀྱི་སྲིད་ཇུས་དེ་ལག་བསྟར་བྱས་དང་བྱེད་བཞིན་པའི་སྒང་ཡིན་པས་གནས་སྟངས་ཅུང་ཙམ་ཛ་དྲག་ཅན་དུ་གྱུར་ཡོད་པའི་རྣམ་པ་ཞིག་ཐོན་འདུག་ཅེས་བཀྲལ།།
རྒྱ་གར་རྡ་རམ་ས་ལར་གནས་འཁོད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་པ་ཞིབ་པ་པད་མ་རྒྱལ་གྱིས་རྒྱ་ནག་གཞུང་གིས་འོས་འགན་སློབ་གསོ་ཞེས་བའི་མིང་ཐོག་ཏུ་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་རིག་གནས་འདི་རྩ་མེད་གཏོང་རྒྱུའི་ཐབས་ཇུས་འདྲ་མིན་ཞིག་ལག་ལེན་བསྟར་གྱི་འདུག ཁོ་ཚོས་མིང་བྱང་འདྲ་མིན་ཞིག་བཀོད་ནས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་ཇུས་འདི་ལག་བསྟར་བྱས་དང་བྱེད་བཞིན་པ་རེད། བོད་ཀྱི་ཆོས་ལུགས་དེ་ཀྲུང་གོ་ཅན་དུ་བསྒྱུར་དགོས་ཞེས་བའི་དམིགས་ཡུལ་བསྒྲུབ་ཐབས་རེད། དེ་སྔ་བོད་ནང་གི་ཡ་ཆེན་སྒར་དང་གསེར་རྟ་བླ་རུང་ཆོས་སྒར་སོགས་ཀྱི་གནས་སྟངས་ལ་གཞིགས་ན་ར་སྤྲོད་གསལ་པོ་འབྱུང་ཐུབ་ཅེས་བརྗོད་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
བོད་པའི་གྲྭ་བཙུན་ལོ་ན་༡༨་ལ་མ་སོན་པ་ཚོ་སློབ་གྲྭར་འགྲིམ་དགོས་པ
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:04:17
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
རྒྱ་ནག་དམར་ཤོག་ཚོཊ་པ་བཙུགས་ནས་ལོ་༩༩་འཁོར་པའི་དུས་དྲན་ལ་ངོ་རྒོལ།
སྤྱི་ལེ་དགུ་བརྒྱའི་བོད་དོན་གོམ་བགྲོད་དང་མྱོང་ཚོར།
འཛམ་གླིང་འདིར་དབུལ་ཕྱུག་ཆ་མཉམ་མེད་པའི་སྐྱོན་ཆེན་པོ་ཞིག་ཡོད་པ།
རྡ་སར་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་མི་བྱེད་པའི་ལས་འགུལ་སྤེལ་བ།
XS
SM
MD
LG