ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གི་དཔལ་འཕེལ་ཚད་ཉམས་ཆག


China GDP Growth, 2007 - 2012
China GDP Growth, 2007 - 2012
ཉི་མ་འགའ་ཞིག་གི་གོང་དེར་རྒྱ་ནག་གི་སྲིད་བློན་དབུན་ཅ་པའོ་ཡིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ངར་ཤུགས་མར་ཆག་ཡོད་པའི་བརྡ་ཞིག་བཏང་བ་དང་། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་བར་སོང་བ་དེར་བློ་འཚབ་ཡོད། ད་ལྟ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཉམས་རྒུད་འགྲོ་སྲིད་པ་འགོག་ཐབས་བྱེད་པའི་སྲིད་ཇུས་ཁག་ཅིག་ངེས་པར་དུ་ལག་ལེན་བསྟར་དགོས་ཞེས་བཤད་པ་དང་། དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱལ་ཡོངས་སྡོམ་འབོར་ལྷན་ཁང་གི་མགྲིན་ཚབ་པ་ཧྲེང་ལེའི་ཡུན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། སྲིད་བློན་དབུན་ཅ་པའོ་ཡི་གཏམ་བཤད་དེས་ལོ་འདིའི་ཟླ་བཞི་གཉིས་པའི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་མར་ཆག་རྒྱུའི་སྔོན་བརྡ་བཏང་བ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG