ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དལ་འགོར།


ཕྱི་ལོ་༢༠༡༢་གྱི་མཐའ་མཇུག་ཟླ་བ་གསུམ་ལ་རྒྱ་ནག་དཔལ་འབྱོར་བརྒྱ་ཆ་༧་དང་གྲངས་ཆུང་༩་འཕེལ་རྒྱས་སོང་བ་དང་། ཕྱི་ལོ་༢༠༡༣་གྱི་མགོ་སྟོད་ཟླ་བ་གསུམ་གྱི་རིང་དེར་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༧་དང་གྲངས་ཉུང་༧་ལས་འཕེལ་རྒྱས་འགྲོ་ཐུབ་མེད་ཅིང་། འདི་ནི་བཟོ་ཚོང་ལས་ཁང་ཁག་གིས་ལོ་འདིའི་མགོ་སྟོད་ཟླ་བ་གསུམ་གྱི་རིང་དེར་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༨་འཕེལ་རྒྱས་འགྲོ་ཐུབ་པའི་ཚོད་དཔག་བྱས་པ་དེ་ལ་རྩིས་ནོར་ཐེབས་ཡོད་པ་མ་ཟད། རྒྱ་ནག་གི་དཔལ་འབྱོར་ཉམས་ཞིབ་པ་ཝེའི་ཡའོ་ཡིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྩ་བའི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་ལ་འགྱུར་བ་མེད་ཀྱང་། ད་དུང་ཡང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ཧ་ཅང་དལ་འགོར་ཅན་དང་རིམ་འཕེལ་ཅན་ཞིག་ཡིན་ཞིང་། གལ་སྲིད་རྒྱ་ནག་གི་བཟོ་གྲྭ་ཁག་ལ་མཁོ་བའི་ཐོན་སྐྱེད་དང་འཕྲུལ་རིག་ལག་རྩལ། མི་མང་གི་ལོངས་སྤྱོད་དངོས་ཟོག་རྣམས་ནང་འདྲེན་བྱ་རྒྱུ་ཉུང་དུ་སོང་ཚེ། རྒྱ་ནག་གཅིག་པུར་མིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་སྲིད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG