ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཀླུ་ཆུའི་ཟམ་ཚར་བོད་པ་བརྒྱད་འཛིན།


བོད་ཀྱི་མདོ་སྨད་ཀླུ་ཆུ་རྫོང་། ཟམ་ཚ་ལོ་ཚོ་སྡེ་བའི་སྐྱ་སེར་ཕོ་མོ་བདུན་དང་ཟམ་ཚ་གདོང་ཟུག་དགོན་པའི་གྲྭ་བ་དབང་བོ་སྐྱོན་ཅན་དང་རྩོམ་པ་པོ་སྐལ་བཟང་བསམ་གྲུབ་བཅས་བོད་པ་བརྒྱད་༢༠༡༢ ཟླ་༡༡་ཚེས་༢༩་ཉིན་ཀླུ་ཆུ་རྫོང་། ཟམ་ཚ་ལོ་ཚོ་སྡེ་བའི་ཚེ་རིང་རྣམ་རྒྱལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་དེར་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། གོང་གི་བོད་པ་དེ་དག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཉིན་༢༠་ལྷག་འགོར་གྱིན་ཡོད་ཀྱང་ད་དུང་ཡང་ཁོང་ཚོ་ས་གནས་གང་དུ་བཀག་ཉར་བྱེད་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱིན་མེད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་ཡོད་པ་ཞིག་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG