ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཇར་མན་གྱི་གྲོས་ཚོགས་འཐུས་མི་ཞིག་ལ་རྒྱ་ནག་གིས་ཐོངས་མཆན་མ་སྤྲད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ཡུ་རོབ་རྒྱལ་ཁབ་ཇར་མན་ཎིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་རྒྱ་ནག་དང་བོད་ལ་ཕྱོགས་སྐྱོད་ཆོག་པའི་ཐོངས་མཆན་སྤྲད་མེད་པའི་གནས་ཚུལ་ཐོན་འདུག་ཅིང་། དེ་ཡང་ཇར་མན་ཎིར་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་པ་ལྟར་ན་ཇར་མན་ཎིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་མེ་ཀལ་བྷར་ཊི་རྒྱ་ནག་དང་བོད་ས་ཁག་ཏུ་ཕེབས་རྩིས་ཡོད་ཀྱང་རྒྱ་ནག་གཞུང་ཚབ་ཁང་གིས་ཐོངས་མཆན་སྤྲད་མེད་པས། གོང་ཞུས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་པ་མ་ཟད། ཇར་མན་གཞུང་གིས་གནད་དོན་འདིར་ཐེ་གཏོགས་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ན་ལྡིན་གྱིས་ཉེ་ཆར་རྒྱ་ནག་གཞུང་གིས་ཇར་མན་ཎིར་བསམ་ཡུལ་ལས་འདས་པའི་ཐེ་གཏོགས་དང་གནོན་ཤུགས། དེ་བཞིན་གནས་ཚུལ་བཀག་སྡོམ་བྱེད་བཞིན་ཡོད་པར་ང་ཚོས་བློ་ཚབས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་ང་ཚོའི་ཁྲིམས་ལུགས་དང་རིན་ཐང་། རང་དབང་བཅས་ལ་ཤུགས་རྐྱེན་ཐེབས་ཐབས་བྱེད་བཞིན་པའི་རྟགས་མཚན་ཇེ་གསལ་དུ་འགྲོ་བཞིན་འདུག་ཅེས་གསུངས་འདུག

XS
SM
MD
LG