ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་རང་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཡག་པོ་ཡོད་ལུགས་བརྗོད་པ།


ཉེ་དུས་རྒྱ་ནག་དང་འགྲོ་བ་མིིའི་ཐོབ་ཐང་གི་གནད་དོན་ཐད་གྲོས་མོལ་གནང་མཁན་ཨ་མི་རི་ཀའི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཞིག་གིས་གྲོས་མོལ་དེར་རེ་བ་བྱས་པ་ལྟར་གྱི་གྲུབ་འབྲས་སོན་ཐུབ་མེད་ལུགས་གསུངས་པ་མ་ཟད་ རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་ཇེ་ཞན་ཇེ་སྡུག་ཏུ་འགྲོ་གི་ཡོད་ལུགས་བརྗོད་དེ་སྐྱོན་བརྗོད་བྱས་ཡོད་པས་ དེ་ལ་རྒྱ་ནག་གཞུང་གིས་དགག་པ་བརྒྱབས་ཏེ་རང་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ནི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ཡག་པོ་ཡོད་ཅེས་བརྗོད་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG