ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་ནག་གི་ལྐོག་ཟ།


རྒྱ་ནག་གི་འགོ་ཁྲིད་ཚོར་ཟླ་ཕོགས་སོགས་ཀྱི་དཔལ་འབྱོར་ཡོང་འབབ་ཅི་ཙམ་ཡོད་མེད་དང་། ཁོ་ཚོའི་བཟའ་ཟླ་བུ་ཕྲུག་དང་གཉེན་ཚན་སོགས་ལ་ཁང་པ་ཅི་ཙམ་ཡོད་མེད། རྒྱ་ནག་གི་འགོ་ཁྲིད་ཚོའི་བུ་རབས་ཚ་རྒྱུད་སོགས་ཀྱིས་མ་རྩ་བཙུགས་ནས་ཚོང་ལས་ཅི་ཞིག་གཉེར་གྱི་ཡོད་མེད་པ་དང་། མདོར་ན་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོར་སྒེར་གྱི་རྒྱུ་དངོས་ཅི་ཙམ་ཡོད་མེད་མི་དམངས་ལ་ཕྱིར་བསྒྲགས་བྱེད་དགོས་ཞེས་ལྟ་ཚུལ་བརྗོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་སྔོན་ཆད་ཀྱང་གཞུང་གི་འགོ་ཁྲིད་ཚོར་སྒེར་གྱི་རྒྱུ་དངོས་ཅི་ཙམ་ཡོད་མེད་མང་ཚོགས་ཀྱིས་ཤེས་རྟོགས་ཐུབ་པའི་འབད་བརྩོན་བྱས་ཀྱང་། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོས་རང་ལ་དཔལ་འབྱོར་ཡོང་འབབ་དང་སྒེར་གྱི་རྒྱུ་དངོས་ཅི་ཙམ་ཡོད་མེད་ཕྱིར་བསྒྲགས་བྱས་མེད་པས། རྒྱ་ནག་གི་ལྐོག་ཟ་རུལ་སུངས་བཀག་འགོག་བྱེད་པའི་ལས་དོན་དེར་ནུས་པ་ཐོན་མེད་པ་དང་། ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་གསར་པ་ཚོས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཅིག་ཡིན་ཞེས་ངོས་ལེན་བྱས་ཏེ། མ་འོངས་པའི་བདུན་ཕྲག་འགའ་ཞིག་གི་ནང་དུ་རྒྱ་ནག་གི་འགོ་ཁྲིད་ཚོར་སྒེར་གྱི་རྒྱུ་དངོས་ཅི་ཙམ་ཡོད་མེད་མི་དམངས་ལ་ཕྱིར་བསྒྲགས་བྱེད་པའི་རྣམ་པ་ཞིག་སྟོན་འཆར་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG