ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ལ་དྲག་ཟིང་ལངས་ནས་འགྱུར་བ་ཞིག་ཐེབས་སྲིད་པ།


༄༅།། འདས་པའི་ལོ་ཤས་རིང་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་མཉམ་འབྲེལ་ནས་འགྲན་རྩོད་ཅིག་ལ་གྱུར་ཏེ་ཨ་རིའི་གཞུང་གིས་རྒྱ་ནག་ལ་འཛིན་པའི་ལངས་ཕྱོགས་ཇེ་མཁྲེགས་སུ་སོང་། ཨ་མི་རི་ཀའི་སྲིད་ཇུས་གཏན་འབེབས་པ་དང་དཔྱད་བརྗོད་པ་མང་ཆེ་བས་ཨ་རིས་རྒྱ་ནག་ལ་འཛིན་པའི་ལངས་ཕྱོགས་ཇེ་མཁྲེགས་སུ་གཏོང་དགོས་དོན་ནི་ཞིས་ཅིན་ཕིང་གིས་བཙན་དྲག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་དེལ་ཐུག་ཡོདད་ལྟ་རྒྱ་ནག་ནས་ཏོག་དབྱིབས་ནད་དུག་གི་རིམས་ནད་ཅིག་ཁྱབ་ནས་འཛམ་གླིང་གི་དཔལ་འབྱོར་དང་ཚོང་ལས་སོགས་ལ་འགོག་རྐྱེན་ཚབས་ཆེན་ཞིག་འཕྲད་བཞིན་ཡོད་པ་ནིརྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་འཐེན་འཁྱེར་དྲག་པོ་ཞིག་ཡོད་པ་དེར་འགལ་ཟླ་གསར་པ་ཞིག་བསྣན་པ་རེདད་ལོའི་ནད་ཡམས་དང་ཨ་རྒྱའི་ཚོང་དམག་སོགས་ཀྱིས་ཞིས་ཅིན་ཕིང་གི་དཔའ་ཉམདང་བཙན་དྲག་གི་རྣམ་འགྱུར་ཤོར་ནས་གདེང་སྤབས་ཞུམ་ཡོད་པ་ཐེར་འདོན་བྱས་པ་རེད་ཅེས་གླེང་། རྒྱ་ནག་གི་དམ་དྲག་ཅན་གྱི་ཆབ་སྲིད་ལམ་ལུགས་ལ་ཨ་མི་རི་ཀས་ཤུགས་རྐྱེན་ངེས་ཅན་ཞིག་ལས་ཐེབས་མི་ཐུབ་ཀྱང་ཕྱི་འབྲེལ་དངདཔལ་འབྱོར། དམག་དོན་བཅས་ཀྱིས་ཨ་མི་རི་ཀས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་ནས་ཞིས་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པར་དཀའ་ངལ་ཆེན་པོ་ཞིག་སྤྲོད་ཐུབ། དེང་སྐབས་རྒྱ་ནག་དང་ཨ་མི་རི་ཀས་གདོང་ཐུག་གི་འཐབ་ཇུས་ཤིག་བཟུང་ཡོད་པ་རྒྱུན་འཁྱོངས་བྱེད་ཚེ། རྒྱ་ནག་ལ་གློ་བུར་དང་དྲག་ཟིང་གི་འགྱུར་ལྡོག་ཅིག་འབྱུང་སྲིད་ཅེས་ཉམས་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་འདུག

ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་འཐེན་འཁྱེར་གྱི་འཐབ་རྩོད་ཅིག་ལ་གྱུར་ཡོད་པར་རྩོད་གླེང་འབྱུང་རྒྱུ་སྔར་ལས་ཤུགས་ཆེ་རུ་སོང་སྟེ་སྔོན་ཆད་གྲང་དམག་འཁོན་འཛིང་དུས་སུ་ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ལ་འཐབ་རྩོད་བྱུང་བ་དང་གཅིག་མཚུངས་སུ་འགྱུར་གྱི་ཡོད་ཅིང་། དུས་རབས་སྔོན་མའི་གྲང་དམག་འཁོན་འཛིང་དུས་ཀྱི་འཐབ་རྩོད་དངད་ལྟའི་ཨ་རི་དང་རྒྱ་ནག་གི་འཐབ་རྩོད་འདིར་ཆོས་ཅན་ཐུན་མོང་བ་ཅི་ཙམ་ཡོད་མིན་ལ་མ་ལྟོས་པར་རྒྱ་ནག་གཞུང་གིས་གྲང་དམག་འཁོན་འཛིང་དང་ཨུ་རུ་སུའི་དམར་ཤོག་ལམ་ལུགས་ཉམ་དམས་སུ་ཕྱིན་པའི་ཉམས་མྱོང་ལ་གཞིགས་ནས་བསམ་བློ་གཟབ་ནན་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག ཧ་ཅང་ཁྱད་མཚར་ཞིག་ལ་རྒྱ་ནག་གིས་དེ་སྔའི་ཨུ་རུ་སུ་དམར་ཤོག་ལ་བྱུང་བའི་རྗེས་མཐུན་གྱི་ནོར་འཁྲུལ་ཁག་ཅིག་བསྐྱར་ཟློས་བྱེད་ཀྱི་ཡོད་པ་རེད གྲང་དམག་འཁོན་འཛིང་དུས་ཨུ་རུ་སུའི་གཞུང་དང་དམར་ཤོག་སྲིད་གཞུང་དེའི་འགོ་ཁྲིད་ཚོ་ཨ་མི་རི་ཀའི་མཐུན་རྐྱེན་རྩ་ཆེན་ཞིག་ལ་གྱུར་ཡོད་པ་སྟེ། ཨུ་རུ་སུའི་གཞུང་གིས་ཁུངས་འཁྱོལ་ཐབས་བྲལ་བའི་འཐབ་ཇུས་དེ་ཚོར་ཤུགས་སྣོན་འཕར་མ་བརྒྱབ་ནས་དཔལ་འབྱོར་ལམ་ལུགས་ལ་འགྱུར་བ་མ་བཏང་བ་དང་མཚོན་ཆའི་འགྲན་སྡུར་རྒྱུན་འཁྱོངསའགྲོ་གྲོན་ནར་གཏོང་དཀའ་བའི་བཙན་རྒྱལ་ཞིག་བཙུགས་པ་རྒྱུན་འཛིན་བྱ་རྒྱུ་གཙིགས་སུ་བཟུང་སྟེ་ཕམ་གྱོང་ལ་ངོས་ལེན་དང་དགོས་ངེས་ཀྱི་ལེགས་བཅོས་བཏང་མེད་པ་རྣམས་རྒྱ་ནག་གི་འགོ་ཁྲིད་ཚོས་ཀྱང་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གི་ལམ་ལུགས་འོག་ཏུ་ནོར་འཁྲུལ་གྱི་སྲིད་ཇུས་ཁག་ལ་ཡོ་བསྲང་བྱེད་ཐུབ་ཀྱི་མེད་པས་༢༠༡༨་ལོར་ཞིས་ཅིན་ཕིང་གིས་རྒྱ་ནག་གི་གཙོ་འཛིན་གྱི་ལས་དུས་ལ་ཚད་བཀག་མེད་པར་བཏང་ནས་མི་ཚེ་ཧྲིལ་པོར་སྲིད་དབང་འཛིན་རྒྱུའི་བརྡ་ཞིག་བཏང་ཡོད་པ་རེད།།

ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་ལན་ཁག་དཀྲིས་ནས་དམར་ཤོག་ཚོགས་པའི་ནང་ཁུལ་གྱིམཐོ་རིམ་འགོ་ཁྲིད་ཁག་གནས་དབྱུང་བཏང་ཞིང་། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་ངོ་རྒོལ་བ་ཚོར་དྲག་གནོན། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་ལས་འགུལ་བ་རྣམས་བཙོན་འཇུ མའོ་ཙེ་དུང་གི་དུས་སྐབས་ཀྱི་གདུག་རྩུབ་དང་གསར་འགྱུར་གྱི་ནང་དོན་ལ་ཞིབ་བཤེར་བྱ་སྲོལ་ཡོད་པ་རྣམས་སླར་གསོ། ཞིས་ཅིན་ཕིང་གི་དབང་སྒྱུར་འོག་ཏུ་ཞིན་ཅང་ལ་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་བསྐྱར་སྤེལ་བྱ་ཡུལ་བཀག་ཉར་ཁང་བཙུགས་ཏེ་ཡུ་གུར་བ་ཧ་ས་ཁ་བ། དེ་མིན་གྱི་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་༡་ལྷག་བཙོན་དུ་བཅུག རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་ལམ་ལུགས་ཀྱི་དབང་ཚད་དབུས་སུ་བསྡུས་ནས་གཞུང་གཉེར་ཁེ་ལས་ཁང་ལ་གཞུང་གིས་འགྲོ་གྲོན་བཏང་སྟེ་འཕྲུལ་ཆས་བཙུགས་ནས་མི་དམངས་ལ་ལྟ་སྲུང་བྱ་རྒྱུ་ཤུགས་ཆེ་རུ་བཏང་མོད། འོན་ཀྱང་ཞིས་ཅིན་ཕིང་གི་བྱ་ཐབས་དེ་དག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་སྟོབས་ཤུགས་བཅག་པ་དང་གཞུང་གཉེར་ཁེ་ལས་ཁག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཁག་འཁྱོག་བརྗོད། རྒྱ་ནག་གཞུང་གིས་མི་དམངས་ལ་ཅི་ཙམ་ལྟ་སྲུང་ནན་པོ་བྱས་ན་དེ་ཙམ་གྱིས་གྱེན་རྒོལ་བྱ་རྒྱུ་ཇེ་མང་དུ་འགྱུར་བཞིན་ཡོད་ཅིང་། ལྷག་པར་དུ་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་གི་རིམས་ནད་ཁྱབ་པའི་རྗེས་སུ་རྒྱ་ནག་མི་དམངས་རྣམས་སྲིད་གཞུང་ལ་འདོད་པ་མ་ཚིམས་པ་དང་ཡིད་ཆེས་མེད་པ་སྔར་ལས་སྡུག་ཏུ་ཕྱིན་འདུག་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།།

ཨ་མི་རི་ཀ་དང་རྒྱ་ནག་གཉིས་ལ་ཆབ་སྲིད་དང་དཔལ་འབྱོར་གྱི་འཐེན་འཁྱེར་དྲག་པོ་ལངས་ཡོད་པ་ནི་ཞིས་ཅིན་ཕིང་ཕམ་ཉེས་སུ་འགྲོ་རྒྱུའི་མཐར་ཐུག་གི་རྒྱུ་རྐྱེན་དེར་འགྱུར་སྲིད། གལ་སྲིད་ཞིས་ཅིན་ཕིང་ལམ་འདིར་མདུན་སྐྱོད་བྱེད་ན་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་སྟོབས་ཤུགས་ཀྱི་རྨང་གཞི་རྣམས་ཉིལ་དུ་བཅུག་སྟེ་འགན་དབང་གཅིག་སྡུད་དང་སྟངས་འཛིན་བྱས་པའི་མཇུག་འབྲས་དེར་རྒྱ་ནག་དམར་ཤོག་ཚོགས་པར་གཡོ་ཁྱོམ་ཆེ་ཆེ་འགྱུར་བ་ཞིག་ཐེབས་རྒྱུའི་ཉེན་འདུག་ཅེས་ཉམས་ཞིབ་པ་མང་པོ་ཞིག་ལྟ་ཚུལ་གཅིག་མཚུངས་ཡིན་ཞིང་། ༢༠༡༢་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་ལ་ཏིན་ཞའོ་ཕིང་གིས་འགོ་ཁྲིད་མཉམ་འབྲེལ་གྱིས་སྲིད་དབང་འཛིན་པའི་ལམ་སྲོལ་ཞིག་དར་སྤེལ་བཏང་ཡོད་པ་མི་གཅིག་དབང་འཛིན་གྱི་ལམ་ལུགས་ཤིག་ཏུ་བསྒྱུར། ཞིས་ཅིན་ཕིང་གི་སྔོན་ལ་རྒྱ་ནག་གཞུང་གིས་རང་གི་ལྟ་གྲུབ་ལ་འགྱུར་བ་གཏོང་ཆོག་པ་དང་ཆབ་སྲིད་ཀྱི་དོན་དངོས་ལ་བལྟ་དགོས་པའི་རྣམ་འགྱུར་སྟོན་རྒྱུ་ཤུགས་ཆེ་ཙམ་བྱུང་ཡོད། དེའི་སྐབས་སུ་རྒྱ་ནག་གི་འགོ་ཁྲིད་ཚོས་འགོ་ཁྲིད་ཚོ་ལྟ་བ་མི་མཐུན་པ་བྱུང་རེས་བཞིན་དུ་ཤོག་གཉིས་ཀྱི་ལྟ་གྲུབ་དེའི་ལེགས་ཆ་བླངསནས་མཉམ་བསྲེས་བྱས་པས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་གི་རྩ་བར་འཁྲུག་གཞི་ཆེན་པོ་ཞིག་ཐེབས་རྒྱུ་གཡོལ་ཐུབ་པ་བྱུང་ཡོད། དེར་བརྟེན་༢༠༡༡་ལོ་ནས་ཨ་རབ་རྒྱལ་ཁབ་དང་དཀྱིལ་ཤར་ས་ཁུལ་ལ་དཔྱིད་ཀྱི་གསར་བརྗེ་ལངས་ནས་སྲིད་གཞུང་མང་པོ་ཞིག་མགོ་རྟིང་སློག་ཀྱང་རྒྱ་ནག་ལ་ཨ་རབ་པའི་དཔྱིད་ཀྱི་གསར་བརྗེའི་ངར་ཤུགས་ཁྱབ་མ་ཐུབརྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གིས་ཨ་མི་རི་ཀའི་རྩ་ཆེའི་ཁེ་ཕན་གྱི་རིགསལ་གནོད་པའི་ལས་འགུལ་སྤེལ་རྒྱུ་འཛེམ་ཟོན། རྒྱ་ནག་གི་དབང་འཛིན་པ་ཚོས་སྲིད་དབང་ཆ་བགོ་བྱས་ནས་རྒྱལ་ནང་དང་འགོ་ཁྲིད་ནང་ཁུལ་གྱི་ཞི་བདེ་རྒྱུན་འཁྱོངས་བྱས་ཡོད་པ་རེད།།

རྒྱ་ནག་གི་འགོ་ཁྲིད་ཚོས་སྲིད་དབང་མཉམ་འཛིན་བྱས་པའི་དུས་སྐབས་དེའི་སྲིད་གཞུང་ལ་སྐྱོན་ཆ་མེད་པ་དང་རྨད་དུ་བྱུང་བ་ཞིག་མིན། རྒྱ་ནག་ལ་ལྐོག་ཟ་རུལ་སུངས་ཁྱབ་གདལ་ཕྱིན་པ་དང་གཞུང་གི་འགོ་ཁྲིད་ཚོས་གནད་འགག་ཆེ་བའི་ལས་དོན་ཁག་ལ་ཐག་གཅོད་བྱ་རྒྱུ་ནར་འགྱངས་སོང་སྟེ་གོ་སྐབས་མང་པོ་ཞིག་ཤོར་ཡོདཞིས་ཅིན་ཕིང་གི་སྔོན་གྱི་སྲིད་གཞུང་དེ་ཚོས་དོན་དངོས་ལ་བལྟ་ཐུབ་པ་དང་དམ་གཟབ་ཀྱི་སྲིད་ཇུས་ཤིག་བཟུང་འདུག འདས་པའི་ལོ་༧་གྱི་རིང་ལ་རྒྱ་ནག་གི་སྲིད་གཞུང་དེར་འགྱུར་བ་ཐེབས་ནས་ལྟ་གྲུབ་མཁྲེགས་འཛིན་དང་གྲངས་ཉུང་མི་རིགས་ལ་བཙན་གནོན། སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོ་མགོ་བོ་འབུརཅོམ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་སྲིད་གཞུང་མ་འདྲ་བ་ཞིག་ཚུགསྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་འཛམ་གླིང་ཡོངས་ལ་སྙོབ་ཐུབ་པ་དང་རྒྱལ་ཁབ་གཞན་ལ་རྒྱ་ནག་གིས་རྒྱ་ལམ་དང་ལྕགས་ལམ། གནམ་ཐང་དང་གྲུ་ཁ་སོགས་འཛུགས་སྐྲུན་བྱས་ནས་འཛུགས་སྐྲུན་བྱ་ཡུལ་གྱི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཨ་སྒོར་ཁྲག་ཁྲིག་མང་པོ་འཇལ་དགོས་པའི་བུ་ལོན་ནང་དུ་ཐིམཞིས་ཅིན་ཕིང་གིས་ནུབ་ཕྱོགས་པ་ཚོས་ཧ་ཅང་དོགས་ཟོན་བྱ་དགོས་པའི་ཕྱི་འབྲེལ་སྲིད་ཇུས་ཤིག་བཟུང་། དེས་ན་ཞིས་ཅིན་ཕིང་གི་དབང་སྒྱུར་འོག་ཏུ་སྲིད་ཇུས་ལ་ནོར་འཁྲུལ་བྱུང་བར་ཡོ་བསྲང་བྱ་རྒྱུ་ཁག་པོ་ཡིན་ཞིང་། ཐག་གཅོད་ཐམས་ཅད་མི་གཅིག་དབང་འཛིན་པ་གཅིག་པུས་བྱེད་ཀྱི་ཡོད་པས་མི་དེར་ནོར་འཁྲུལ་འབྱུང་སྲིད་པ་ནི་བློ་ཡུལ་དུ་ཤོང་དཀའ། རྒྱ་ནག་ལ་འགོ་ཁྲིད་མཉམ་འབྲེལ་གྱི་དབང་སྒྱུར་དུས་སུ་སྲིད་ཇུས་ལ་ནོར་འཁྲུལ་བྱུང་ན་ལེགས་བཅོས་གཏོང་རྒྱུ་བདེ་བོ་ཡོད་ཀྱང་མི་གཅིག་དབང་འཛིན་གྱི་དུས་སུ་སྲིད་ཇུས་ལ་ནོར་འཁྲུལ་བྱུང་ན་བཅོས་སྒྱུར་གཏོང་རྒྱུ་དཀའ་ངལཞིག་ཏུ་གྱུར་འདུག ད་ལྟ་རྒྱ་ནག་གཞུང་གིས་ཨ་མི་རི་ཀར་འགྲིག་མཐུན་གྱི་སྲིད་ཇུས་ཤིག་འཛིན་ཐུབ་ཀྱི་མེད་པ་ནི་ཞིས་ཅིན་ཕིང་ལ་ཐུག་ཡོདརྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཁག་ཅིག་གིས་ཞིས་ཅིན་ཕིང་གི་སྲིད་ཇུས་དེ་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་གཡང་ལ་འཁྲིད་ཀྱི་ཡོད་པ་ངོས་ཟིན་ཡོད་ཀྱང་བཤད་མི་ཕོད། སྲིད་བློན་ལི་ཁེ་ཆང་དང་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་ཝང་དབྱང་། ཧུ་ཁྲུན་ཧྭ་གསུམ་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་ལ་འབྲེལ་བ་དམ་ཟབ་ཡོད་པ་རེད། ཞིས་ཅིན་ཕིང་གིས་ཏང་སྲིད་དམག་གི་དབང་ཆ་ཡོངས་རྫོགས་བཟུང་ཡོད་པས་རྒྱ་ནག་ལྟ་བུའི་སྲིད་གཞུང་ཞིག་གི་མི་གཅིག་དབང་འཛིན་པ་མགོ་རྟི་སློག་ཁག་པོ་ཡོད་ཀྱང་མའོ་ཙེ་ཏུང་ལའང་མཆོང་སྐྱོད་ཆེན་མོའི་རྗེས་སུ་ཕམ་ཉེས་བྱུང་ཡོད་པས་ཞིས་ཅིན་ཕིང་བརྗོད་ཅི་དགོས། རྒྱ་ནག་གི་འགོ་ཁྲིད་ཚོ་ནང་ཁུལ་དུ་མཐུན་ལམ་ཅི་ཙམ་མེད་ན་དེ་ཙམ་གྱིས་ཞིས་ཅིན་ཕིང་གི་སྲིད་དབང་གི་རྩ་བ་སྲ་བརྟན་འབྱུང་དཀའ་ཞེས་ཨ་རིའི་ཉམས་ཞིབ་པ་དང་མཁས་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG