ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རི་དང་འབར་མའི་འབྲེལ་བར་རྒྱ་ནག་གི་བློ་ཚབས།


ཨ་རི་དང་འབར་མའི་འབྲེལ་བར་རྒྱ་ནག་གི་བློ་ཚབས།
ཨ་རི་དང་འབར་མའི་འབྲེལ་བར་རྒྱ་ནག་གི་བློ་ཚབས།

འབར་མ་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་རྐྱང་དུ་ལུས་པའི་སྐབས་སུ་རྒྱ་ནག་གི་འབར་མའི་རྒྱབ་སྐྱོར་པ་ཨང་དང་པོ་ཡིན་པ་དང་། གཟའ་འཁོར་འདིར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་འབར་མ་རྒྱལ་ཁབ་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཚམས་འདྲིར་ཕེབས་ཏེ། ཨ་རིའི་ཕྱི་སྲིད་དྲུང་ཆེས་འབར་མའི་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་དེ་ལ་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་འགྲེལ་བཤད་སྣ་ཚོགས་ཤིག་རྒྱག་གི་ཡོད་པ་དང་། དཔེར་ན་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་ཅིག་གིས་ཨ་མི་རི་ཀའི་ཐབས་ཇུས་དེ་རྒྱ་ནག་བཀག་སྐྱིལ་བྱེད་པའམ། ཡང་ན་ཨ་མི་རི་ཀས་རྒྱ་ནག་མཐའ་བསྐོར་ཐུབ་པའི་ཆེད་དུ་འབར་མ་ལ་འབྲེལ་བ་ཡག་ཏུ་གཏོང་གི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་བཞིན་ཡོད་པ་དང་། གཟའ་ལྷག་པའི་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་ཆིང་ཧྭ་སློབ་གྲྭ་ཆེན་མོའི་སློབ་དཔོན་ལི་ཤི་གུའང་གིས་རྩོམ་ཡིག་ཅིག་བྲིས་ཡོད་པ་དེར་འཁོད་པ་ལྟར་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཁེ་ལིན་ཀྲོན་འབར་མ་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་རྒྱ་ནག་གི་དཔའ་ཁུམ་དགོས་པ་ཞིག་ཡིན་ཞིང་། ཨ་མི་རི་ཀས་ཨེ་ཤེ་ཡར་འཛིན་པའི་སྲིད་ཇུས་གསར་པ་དེ་རྒྱ་ནག་ལ་འཐབ་རྒོལ་བྱེད་པའི་དམིགས་ཡུལ་ཡིན། ཨ་རིའི་ཕྱི་སྲིད་དྲུང་ཆེས་འབར་མའི་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་རྒྱ་ནག་བཀག་སྐྱིལ་བྱེད་པའི་དཔེ་མཚོན་ཞིག་ལ་བརྩི་ཆོག་ཅེས་བྲིས་ཡོད་པ་རེད།

XS
SM
MD
LG