ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་བྷ་ར་རྫིལ་ཚོང་ལས


ས་གོ་ལའི་དཔལ་འབྱོར་ཉམས་རྒུད་འགྲོ་བའི་སྐབས་རྒྱལ་ཁབ་མང་པོ་ཞིག་གི་དཔལ་འབྱོར་ལ་ཉམས་ཉེས་བྱུང་ཡོད་ནའང་ བྷ་ར་རྫིལ་གྱི་དཔལ་འབྱོར་ལ་གནོད་སྐྱོན་དེ་རྩམ་བྱུང་མེད་པ་རེད་ ཡུལ་དེའི་གཞུང་གི་གྲངས་ཐོ་ལྟར་ན་ ལོ་འདིའི་ནང་བྷ་ར་རྫིལ་གྱི་དཔལ་འབྱོར་བརྒྱ་ཆ་བདུན་གྱི་འཕར་ཆ་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད་ འཕར་ཆ་དེ་བྷ་ར་རྫིལ་གྱི་ཚོང་འབྲེལ་ཆེ་ཤོས་ཡིན་པ་རྒྱ་ནག་ལ་ཕྱིར་ཚོང་མང་དུ་ཕྱིན་པ་དེའི་དབང་གི་ཡིན་པ་གནད་དོན་དཔྱད་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་ཅིང་ འོན་ཀྱང་གནད་དོན་རྟོག་ཞིབ་པ་གཞན་རྣམས་ཀྱིས་བརྗོད་པར་གཞིགས་ན་ ད་ལྟའི་ཕྱིར་ཚོང་ལས་གཞི་དེས་དུས་ཡུན་རིང་པོ་བྷ་ར་རྫིལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་མེད་པ་སོགས གསར་འགོད་པ་ཇེ་སོན་ སོཀྲོརོ་ཐར་གྱི་སྤེལ་བས་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱི་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།།

XS
SM
MD
LG