ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་ནག་གི་དཔལ་འབྱོར་ལ་ཉམས་ཉེས་ཐེངས་གཉིས་པ་འགྲོ་ཉེན།


༄༅།། སྤྱི་ཟླ་༢་པའི་ཟླ་མཇུག་ཏུ་ཏོག་དབྱིབས་རིམས་ནད་ཀྱིས་རྒྱལ་ཁབ་ཕན་ཚུན་བར་དུ་འགྲིམ་འགྲུལ་བཀག་སྡོམ་བྱས་པས་རྒྱ་ནག་གི་བཟོ་སྐྲུན་ལས་རིགས་དང་སིལ་ཚོང་ལས་རིགས་བཅས་ཀྱི་ཚོང་ཟོག་མངགས་ཉོ་མེད་པར་འགྱུར་རྒྱུའི་བློ་འཚབ་སྐྱེས་ཡོད་པ་རེད། འོན་ཀྱང་ཟླ་བ་གཅིག་མ་འགོར་པར་རྒྱ་ནག་ནང་ལོགས་ཀྱི་ཚོང་ཟོག་མངགས་ཉོ་བྱ་རྒྱུ་ཇེ་མང་དུ་ཕྱིན་ཡོད་ཅིང་། རྒྱ་ནག་གི་བཟོ་གྲྭ་རྣམས་སླར་ཡང་ལས་འགོ་ཚུགས་ཏེ་སྔར་བཞིན་འཁོར་རྒྱུག་བྱེད་བཞིན་ཡོད་ཀྱང་རེན་ཧྥི་བཟོ་ཚོང་ཁང་ལ་རྒྱ་ནག་གི་དཔལ་འབྱོར་ཉམས་ཉེས་ཐེངས་གཉིས་པ་འབྱུང་རྒྱུའི་བློ་འཚབ་གསར་པ་སྐྱེ་བཞིན་ཡོད་པས་འཛམ་གླིང་ཡུལ་གྲུ་ཁག་གི་རྒྱལ་ཁབ་གཞན་ཚོར་ཉེན་བརྡ་ཞིག་ཐེབས་འདུག་པའི་གནས་ཚུལ་ཞིབ་ཕྲ་ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG