ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་གྲགས་ཅན་སྒྱུ་རྩལ་པ་དང་དཔལ་འབྱོར་པ་བ་ཞིག་གནམ་ཐང་དུ་བཀག་འགོག


ai weiwei

རྒྱ་ནག་གི་གྲགས་ཅན་སྒྱུ་རྩལ་པ་ཨེ་ཝེའི་ཝེའི་དང་དཔལ་འབྱོར་པའི་མཁས་པ་མའོ་ཡུའི་ཧྲི་གཉིས་པེ་ཅིང་གནམ་ཐང་དུ་ཕྱི་རྒྱལ་ལ་འགྲོ་སྐྱོད་བྱེད་མི་ཆོག་པའི་བཀག་འགོག་བྱས་པ་དང་། ཕྱི་ཟླ་༡༢་ཚེས་༡༠་ཉིན་ནོར་ཝེའི་རྒྱལ་ས་ཨོ་སོ་ལོར་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ལིའུ་ཤའོ་པོ་ལ་ལོ་འདིའི་ཎོ་བེལ་ཞི་བདེའི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་ཚོགས་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ལིའུ་ཞའོ་པོ་བཙོན་ཁང་དུ་བཅུག་ནས་ལོ་གཅིག་གི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་གི་ཆུང་མ་ལིའུ་ཤཱ་ཡང་རང་ཁྱིམ་ལ་བཟང་བཙོན་དུ་བཅུག་ནས་ཕྱི་ལ་ཐོན་དུ་འཇུག་གིས་མེད་པས། ལིའུ་ཤཱ་ཡིས་རང་གི་སྐྱེས་པའི་རྒྱབ་སྐྱོར་པ་དང་། རྒྱ་ནག་གི་ཤེས་ཡོན་ཅན་གང་མང་ཞིག་ནོར་ཝེའི་རྒྱལ་ས་ཨོ་སོ་ལོར་འཚོགས་རྒྱུ་ཡིན་པའི་མཛད་སྒོ་དེར་མཉམ་ཞུགས་བྱས་ཏེ། ཁོང་ཚོས་ལིའུ་ཤའོ་པོ་ཡི་ཚབ་བྱས་ནས་ཕྱི་ལོ་༢༠༡༠་ཐམ་པའི་ཎོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་དགོས་ཞེས་འབོད་སྐུལ་ཞུས་ཡོད་པ་དང་། དེར་བརྟེན་རྒྱ་ནག་གཞུང་གིས་དགུང་ལོ་༨༠་ལྷག་ཕེབས་པའི་རྒྱ་ནག་གི་དཔལ་འབྱོར་རིག་པའི་མཁས་པ་མའོ་ཡུའི་ཧྲི་དང་། འཛམ་གླིང་ན་སྐད་གྲགས་ཡོད་པའི་སྒྱུ་རྩལ་མཁས་པ་ཨེ་ཝེའི་ཝེའི་གཉིས་ལིའུ་ཤའོ་པོ་ལ་ཎོ་བེལ་ཞི་བདེའི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་དེར་མཉམ་ཞུགས་བྱེད་པར་ཕྱི་རྒྱལ་ལ་འགྲོ་སྐྱོད་བྱེད་ཀྱི་ཡོད་པ་དོགས་ཟོན་བྱས་ཡོད་པ་རེད།

XS
SM
MD
LG