ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་ར་ཤི་ཡའི་ལངས་ཕྱོགས་ལ་རྒྱབ་སྐྱོར།


 རྒྱ་ནག་གིས་ར་ཤི་ཡའི་ལངས་ཕྱོགས་ལ་རྒྱབ་སྐྱོར།
རྒྱ་ནག་གིས་ར་ཤི་ཡའི་ལངས་ཕྱོགས་ལ་རྒྱབ་སྐྱོར།
༄༅།། ཕྱི་ཟླ་༩་ཚེས་༥་དང་༦་གཉིས་ལ་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོ་འགོ་ཁྲིད་རྣམས་ར་ཤི་ཡའི་རྒྱལ་ས་རྙིང་པ་སན་ཊི་ཕི་ཀྲར་སི་བྷར་གྷེ་གྲོང་ཁྱེར་ལ་ཚོགས་འདུ་ཚོགས་ཏེ། ཁོང་ཚོས་འཛམ་གླིང་དཔལ་འབྱོར་ཉམས་རྒུད་སླར་གསོ་ཇི་ལྟར་བྱེད་དགོས་མིན་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་གཞུང་གྲོན་བསྲི་ཆགས་བྱས་ནས་དཔལ་འབྱོར་ཉམས་རྒུད་འགྲོ་རྒྱུ་འགོག་ཐབས་བྱེད་པའི་སྲིད་ཇུས་ལ་བསྐྱར་ཞིབ། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་སྔར་བཞིན་ཨ་མི་རི་ཀས་དངུལ་ལོར་ལ་སྦྱར་དགོས་མིན་བཅས་ལ་གྲོས་བསྡུར་བྱེད་དགོས་རུང་། ཨ་མི་རི་ཀ་དང་ཧྥ་རན་སི་སོགས་ཀྱིས་ར་ཤི་ཡར་དམག་བརྒྱབ་སྟེ། སི་རི་ཡའི་གཞུང་དམག་གིས་མི་མང་གྱེན་ལོག་པ་ཚོར་རྫས་འགྱུར་མཚོན་ཆས་རྒོལ་རྡུང་བྱེད་ཀྱི་ཡོད་པ་བཀག་འགོག་བྱེད་དགོས་མིན་གྲོས་གཞི་གཙོ་བོ་ཞིག་ལ་གྱུར་ཡོད་པ་དང་། ར་ཤི་ཡའི་གཞུང་གིས་སྔ་མོ་ནས་སི་རི་ཡར་དམག་བརྒྱབ་ནས་རྒྱལ་ཁབ་དེའི་ནང་འཁྲུག་ལ་བར་འགོག་བྱེད་རྒྱུ་དེར་མོས་མཐུན་བྱེད་ཀྱི་མེད་པས། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ར་ཤི་ཡའི་སྲིད་འཛིན་ཕུ་ཀྲིན་གཉིས་ཀྱི་འབྲེལ་བ་དང་། ཨ་མི་རི་ཀ་དང་ར་ཤི་ཡའི་འབྲེལ་བ་ཧ་ཅང་སྡུག་ཏུ་སོང་འདུག ད་ལྟ་རྒྱ་ནག་གཞུང་གིས་ཀྱང་ཨ་མི་རི་ཀ་སོགས་ཀྱིས་སི་རི་ཡར་དམག་བརྒྱབ་ཚེ། རྒྱལ་སྤྱིའི་ཁྲོམ་རའི་ནང་དུ་རྡོ་སྣུམ་གྱི་རིན་གོང་འཕར་ནས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་གྱོང་གུད་འཕོག་སྲིད་ཅེས་ཉེན་བརྡ་བཏང་བ་དང་། རྒྱ་ནག་གཞུང་གིས་སི་རི་ཡར་དམག་རྒྱག་དགོས་པའི་ལངས་ཕྱོགས་ལ་ངོ་རྒོལ་དང་ར་ཤི་ཡའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG