བོད་མདོ་ཁམས་དཀར་མཛེས་ས་ཁུལ་དུ་རྒྱ་ནག་གཞུང་གིས་ས་གནས་བོད་མི་ལ་བདག་པའི་ས་ཆ་བཙན་འཕྲོག་བྱས་པར། བོད་མི་བསོད་ནམས་མགོན་པོ་ཡིས་རང་ལ་བདག་པའི་ས་ཆ་དེའི་བདག་དབང་སྲུང་སྐྱོབ་བྱེད་པའི་སྐབས། ཁོ་དང་གཞན་བོད་མི་གཞན་བཞི་བཅས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟ་ཁོ་ཚོའི་གནས་སྟངས་གང་ཡང་ཤེས་རྟོགས་མེད་པའི་སྐོར་། ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་བསྡུས་བྱས་ཡོད་པ་ཞིག་ལ་གསན་རོགས་གནང་།