ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་སོགས་ཀྱིས་གླིང་ཕྲན་བདག་དབང་རྩོད་གཞི་མྱུར་དུ་མཚམས་འཇོག་རྒྱུ།


༄༅།། རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་རྒྱས་འཛོམས་ཚོགས་ཆེན་ལ་ཕེབས་ཡོད་ཅིང་། གཟའ་པ་སངས་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རིས་གོང་འཁོད་རྒྱལ་ཁབ་དེ་དག་གི་ཕྱི་སྲིད་བློན་ཆེན་རྣམ་པར་ཐུག་འཕྲད་བྱས་ཏེ། ཁོང་གིས་རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་གི་གྲུ་ཁ་དེ་རྣམས་ཚོང་ལས་ཀྱི་བྲེལ་འཚབ་ཆེན་པོ་ཡོད་པ་དང་། མངའ་ཁུལ་དེའི་མཚོ་ལམ་ནི་འཛམ་གླིང་གི་ཚོང་ལས་དང་སྐྱེལ་འདྲེན་གྱི་མཚོ་ལམ་ཧ་ཅང་གནད་འགག་ཅན་ཞིག་ཡིན་པས། ལྷོ་རྒྱ་ནག་རྒྱ་མཚོའི་ནང་ལ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་ང་ཚོ་ཚང་མའི་ཡར་རྒྱས་གོང་འཕེལ་ལ་འབྲེལ་བ་དམ་ཟབ་ཡོད། དེར་བརྟེན་ཨ་མི་རི་ཀས་མཚོ་ལམ་གྱི་བདེ་འཇགས་སྲུང་སྐྱོབ་ལ་འགན་འཁྲི་ལེན་དགོས་དོན་ཡང་འདིར་ཐུག་པ་མ་ཟད། མཚོ་ཐོག་གི་སྐྱེལ་འདྲེན་དང་འགྲིམ་འགྲུལ་རང་དབང་ལ་སྲུང་སྐྱོབ་བྱེད་པར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་དེ་དག་ཞི་བའི་སྒོ་ནས་མྱུར་དུ་སེལ་ཐབས་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG