ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གཞུང་གིས་ཨེ་ཝི་ཝི་ལ་ཕྱིར་བསྐྱོད་ཆོག་མཆན་སྤྲད་མེད་པ།


རྒྱ་ནག་གཞུང་གིས་སྙན་གྲགས་ཆེ་བའི་སྒྱུ་རྩལ་བ་ཨེ་ཝི་ཝི་ལ་ནག་ཉེས་གསར་ལ་དོན་ཚན་གསུམ་ཅན་ཞིག་བཏོན་ཏེ། ཁོང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྒྱུ་རྩལ་འགྲེམས་སྟོན་ལ་མཉམ་ཞུགས་བྱ་བར་ཕྱིར་སྐྱོད་ཆོག་མཆན་སྤྲད་མེད་པ་རེད། ཨེ་ཝི་ཝི་ཡིས་དེ་ནི་རང་གི་རང་དབང་གི་ཆ་ཤས་འཕྲོགས་པ་དང་འགྲོ་བ་མིའི་ཐོབ་ཐང་བཙི་མེད་བཏང་བར་ངོས་འཛིན་བྱེད་ཀྱིན་ཡོད་པ་མ་ཟད། ད་དུང་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་དང་རིག་གནས་བརྗེ་ལེན་གྱི་གོ་སྐབས་ཤིག་ཆུད་ཟོས་གཏོང་གི་ཡོད་བརྗོད་ཡོད་པ་རེད། ཚེ་རིང་སྐྱིད་ཀྱིས་འདིའི་སྐོར་གྱི་གནས་ཚུལ་ཞིག་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG