ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཁག་ཅིག་ལ་ཞིབ་འཇུག


རྒྱ་ནག་གི་གསར་འགྱུར་ལས་ཁག་གིས་གནས་ཚུལ་སྤེལ་པར་གཞིགས་ན། སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པར་གཞུང་གིས་ཞིབ་འཇུག་བྱེད་བཞིན་ཡོད་པ་མ་ཟད། ད་དུང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གྱི་བཟའ་ཟླར་ཡང་ཞིབ་འཇུག་བྱེད་ཀྱི་ཡོད་སྲིད་པའི་གནས་ཚུལ་ཐོན་ཞིང་། འདི་ནི་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་པའི་ལས་འགུལ་ཞིག་སྤེལ་འགོ་ཚུགས་པ་ཡིན་སྲིད་ཀྱང་། སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གི་ལམ་ལུགས་ལ་འགྱུར་བ་གཏོང་དགོས་པ་ལས་འགོ་ཁྲིད་འགའ་ཤས་ལ་ཉེས་པ་གཏོང་བ་སོགས་ཀྱིས་ལྐོག་ཟ་རུལ་སུངས་ཀྱི་རྩ་འགོག་ཐུབ་རྒྱུ་མ་རེད་ཅེས་བཤད་ཡོད་པ་སོགས་ཀྱིས་སྐོར། པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG