ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གི་ནོར་ཝེ་ཡུལ་གྲུའི་ཆིབས་སྒྱུར་ལ་རྒྱ་ནག་གཞུང་གིས་ངོ་རྒོལ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལོ་རྗེས་མར་ཡུ་རོབ་ཀྱི་རྒྱལ་ཁབ་ནོར་ཝེ་ནང་དུ་ཆིབས་སྒྱུར་གྱི་འཆར་གཞི་ཡོད་པ་དེར་དེ་རིང་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་ཡོད་པའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་ཡོད། རྒྱ་ནག་གཞུང་གི་སྐྱོན་བརྗོད་དེའི་སྐོར་ལ་ནོར་ཝེ་ཡུལ་གྲུའི་ནང་གི་བོད་དོན་ཚོགས་པའི་འགན་འཛིན་ཆུང་བདག་ལགས་སུ་དགོངས་ཚུལ་བཀའ་འདྲི་ཞུས་སྐབས། རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ལ་མཚན་མཐོང་ཆེ་རུ་གཏོང་ཐབས་བྱེད་བཞིན་པའི་སྐབས་འདིར་༧གོང་ས་མཆོག་གི་ཆིབས་སྒྱུར་ལ་ངོ་རྒོལ་བྱེད་པ་དེ་ནི་ཕྲུ་གུའི་བྱེད་སྟངས་རང་རེད་ཅེས་གསུངས་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ལགས་ཀྱིས་ཕྱོགས་སྒྲིག་ཞུས་ཡོད།།
XS
SM
MD
LG