ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་དང་འབྲུག་ཡུལ་གྱི་གྲོས་མོལ་ལ་རྒྱ་གར་གྱིས་བློ་འཚབ།


༄༅།། ཉེ་ཆར་རྒྱ་ནག་དང་འབྲུག་ཡུལ་གཉིས་ས་མཚམས་ཀྱི་རྩོད་གཞི་ཁག་ལ་གྲོས་མོལ་མྱུར་དུ་བྱ་དགོས་པའི་གྲོས་མཐུན་ཞིག་བྱུང་བར་རྒྱ་གར་གྱིས་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་ཅིང་། ༢༠༡༧་ལོར་རྒྱ་དཀར་ནག་གཉིས་འབྲོག་ལམ་ས་ཁུལ་དུ་ཉི་མ་༧༣་ལ་དམག་གྲྭ་བསྒྲིགས་ནས་གདོང་ཐུག་འབྱུང་གྲབས་སུ་གྱུར། དེ་ནི་འབྲུག་ཡུལ་གྱིས་རང་ལ་བདག་དབང་ཡོད་ཅེས་རྩོད་ཡུལ་འབྲོག་ལམ་ས་ཁུལ་དུ་རྒྱ་ནག་ གིས་རྒྱ་ལམ་ཞིག་འཛུགས་སྐྲུན་བྱས་ནས་བྱུང་བ་ཞིག་ཡིན་པའི་སྐོར། དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་སོགས་ཀྱིས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོ་ལགས་ཀྱིས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG