ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ལ་མཁའ་རླུང་དང་འཐུང་ཆུ་འབག་བཙོག་བྱས་ནས་མི་ལ་སྐྲན་ནད་དང་གློ་ནད། ཕོ་ནད་སོགས་ནད་རིགས་སྣ་ཚོགས་ཤིག་བྱུང་སྟེ་མི་མང་གི་བདེ་ཐང་ལ་གནོད་འཚེ་འབྱུང་གི་ཡོད་པ་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་ཞིང་། གཟའ་འཁོར་འདིར་དབྱིན་ཇིའི་གསོ་རིག་དུས་དེབ་ལ་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཡོད་པ་དེར་འཁོད་པ་ལྟར་ན། ཕྱི་ལོ་༢༠༡༠་ལོར་འཛམ་གླིང་ཁྱོན་ཡོངས་སུ་མཁའ་རླུང་འབག་བཙོག་གི་རྐྱེན་གྱིས་མི་ས་ཡ་༣་དང་འབུམ་༢་ལ་འཆི་སྐྱོན་བྱུང་ཡོད་པ་དང་། མཁའ་རླུང་འབག་བཙོག་གིས་ཤི་བའི་མི་གྲངས་དེའི་ཁོངས་ཀྱི་མི་འབོར་བརྒྱ་ཆ་༤༠་ཐམ་པ་སྟེ། མི་ས་ཡ་༡་དང་འབུམ་༢་རྒྱ་ནག་གཅིག་པུའི་ནང་དུ་ཤི་ཡོད་པ་དང་། སྐབས་དེར་རྒྱ་གར་རྒྱལ་ཡོངས་སུ་མཁའ་རླུང་འབག་བཙོག་གི་རྐྱེན་གྱིས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་འབུམ་༦་དང་ཁྲི་ཚོ་༢་ལས་མེད་པས། རྒྱ་ནག་ལ་མཁའ་རླུང་འབག་བཙོག་གི་རྐྱེན་གྱིས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་རྒྱ་གར་ལས་ལྡག་གཅིག་ཙམ་མང་བ་འདུག་ཅེས་བཀོད་ཡོད་པ་རེད།།
XS
SM
MD
LG