ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༥/༢༡

ཨ་ཝེ་ཝེའི་འོ་མའི་ལྕགས་ཀྲིན་གྱི་འགྲེམ་སྟོན།


རྒྱ་ནག་གི་སྒྱུ་རྩལ་མཁས་པ་ཨེ་ཝེ་ཝེ་སྲིད་གཞུང་གིས་བཀའ་ཉར་དང་རང་ཁྱིམ་ལ་བཟང་བཙོན། ཁོང་ཕྱི་རྒྱལ་སོགས་ལ་འགྲོ་སྐྱོད་བྱེད་མི་ཆོག་པའི་དམ་དྲག་ནན་པོ་བྱེད་སའི་མི་ཞིག་ཡིན་རུང་། ཨེ་ཝེ་ཝེས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་གུང་ཁྲན་ཏང་གི་སྲིད་ཇུས་ལ་སྐྱོན་བརྗོད་དང་རྒྱ་ནག་མི་དམངས་ཀྱི་ཐོབ་ཐང་རྩོད་ལེན། ཁོང་གིས་རྒྱ་ནག་ལ་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ཤིག་དར་སྤེལ་བར་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་བྱས་མྱོང་མེད་ཅིང་། དཔེར་ན་དེང་སྐབས་རྒྱ་ནག་གི་ཁྲོམ་རའི་ནང་དུ་འཚོང་འགྲེམ་བྱེད་བཞིན་པའི་འོ་མ་དང་དཀར་ཆུའི་ཟས་རིགས་ལ་དུག་རྫས་བསྲེས་ཏེ། མི་མང་གི་བདེ་ཐང་ལ་གནོན་ཚབས་ཆེ་བའི་དངོས་སོག་བཙོང་གི་ཡོད་པ་ཐེར་འདོན་བྱེད་ཐབས་སུ་ཨེ་ཝེ་ཝེས་འོ་རྩམ་གྱི་ལྕགས་ཀྲིན་༢༠༠༠་མ་ཟིན་ཙམ་གྱིས་རྒྱ་ནག་གི་ས་བཀྲ་ཆེན་པོ་ཞིག་བཟོ་འགོད་བྱས་པ་དང་། ཧོང་ཀོང་གི་འགྲེམ་སྟོན་ཁང་ཞིག་གིས་ཨེ་ཝེ་ཝེས་བཟོ་འགོད་བྱས་སྒྱུ་རྩལ་གྱི་ས་བཀྲ་དེ་མང་ཚོགས་ལ་འགྲེམ་སྟོན་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG