ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཐོབ་ཐང་རྩོད་ལེན་པ་གྲའན་ཀོང་ཁྲན་ཨ་རིའི་གཞུང་ཚབ་ནས་ཐོན་པ།


རྒྱ་ནག་གཞུང་གི་བཟང་བཙོན་འོག་ནས་བྲོས་སྟེ་ཨ་རིའི་གཞུང་ཚབ་ལ་སྐྱབས་བཅོལ་ནས་ད་བར་དུ་ཡིབས་སྡོད་བྱས་པ་རྒྱ་ནག་གཞུང་དང་ལྟ་ཚུལ་མ་མཐུན་པ་བ་གྲགས་ཅན་གྲའན་ཀོང་ཁྲན པེ་ཅིང་ནང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ནས་ཐོན་ཏེ་སྨན་ཁང་དུ་སླེབས་ཡོད་པ་རེད་ རྒྱ་ནག་གཞུང་གིས་གྲའན་གྱི་བདེ་འཇགས་ལ་འགན་ལེན་དང་སློབ་གྲ་ཆེན་མོར་སློབ་སྦྱོང་བྱེད་བཇུག་རྒྱུ་སོགས་ཁས་ལེན་བྱས་སོང་ཞེས་ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་གསུངས་འདུག་པ་མ་ཟད་ སྐུ་ཞབས་གྲའན་གྱིས་ཨ་རིར་ཆབ་སྲིད་དོན་གྱི་སྐྱབས་བཅོལ་ཞུ་རྒྱུའི་རེ་བ་འདོན་ཡོད་མ་རེད་ཅེས་འགྲེལ་བརྗོད་གནང་བ་སོགས་ཀྱི་སྐོར་གསར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པ་རྣམས་པ་སངས་དབྱངས་སྐྱིད་ནས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་ཡིན།

XS
SM
MD
LG