ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བོད་པའི་སློབ་ཕྲུག་༢༥་བཀག་ཉར།


༄༅།། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཟླ་བ་འདིའི་ཕྱི་ཚེས་༡༡་ནས་༡༣་བར་དུ་ཉིན་གསུམ་ལ་རྒྱ་གར་ལྷོ་ཕྱོགས་ཀྱི་ཏ་མིལ་ན་རྡུ་མངའ་སྡེར་ཕེབས་ནས་སྲིད་བློན་མོ་དྷིར་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་བཞིན་ས་གནས་དེའི་བོད་པ་ཚོས་ཞིས་ཅིན་ཕིང་ལ་ངོ་རྒོལ་བྱ་སྲིད་པའི་དོགས་གཞིའི་འོག རྒྱ་གར་གྱི་ཉེན་རྟོག་པས་ཕྱི་ཚེས་༥་ཉིན་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་དང་ཕྱི་ཚེས་༦་ཉིན་བོད་པ་༨ བཅས་ཁྱོན་བསྡོམས་བོད་པ་༩་འཛིན་བཟུང་བྱས་ཡོད་པ་ཡོད་པ་རེད།

ཕྱི་ཟླ་༡༠་པའི་ཚེས་༨་ཀྱི་སྔ་དྲོའི་ཆུ་ཚོད་༡༠་པ་ཡས་མས་སུ་རྒྱ་གར་གྱི་ཉེན་རྟོག་པས་སླར་ཡང་ཅེ་ནལ་གྲོང་ཁྱེར་དུ་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་གཞོན་པ་བསྟན་འཛིན་ཆོས་སྒྲོན་དང་ཤེས་ཡོན་འགན་འཛིན་གཙོས་བོད་པའི་སློབ་ཕྲུག་༢༥་སྡོད་ཁང་ནས་ས་ལེ་ཡུར་ཉེན་རྟོག་ལས་ཁང་དུ་ཁྲིད་འདུག་པར་མ་ཟད། ཁོ་ཚོའི་ཁ་པར་ཨང་གྲངས་དང་ཕ་མའི་མིང་། སྐྱེས་ལོ་སྐྱེས་ཚེས་སོགས་ཐོ་འགོད་བྱས་ནས་ངོ་རྒོལ་ལས་འགུལ་སྤེལ་མི་ཆོག་ཅེས་ཁས་ལེན་གྱི་ཡིག་ཆར་མིང་རྟགས་འགོད་དུ་བཅུག་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ང་ཚོའི་གསར་འགོད་པ་རྒྱལ་མཚན་ཆོས་ལྡན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG