ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

ཁེ་ན་ཌའི་རྒྱལ་སར་བདེ་འཇགས་སླར་གསོ།


༄༅།། ཁེ་ན་ཌའི་ཉེན་རྟོག་པ་ཚོས་རེས་གཟའ་ཉི་མའི་ཉིན་རྒྱལ་ས་ཨོ་ཊ་ཝའི་རྒྱལ་ཡོངས་གྲོས་ཚོགས་ཁང་དང་གཞུང་གི་ལྷན་ཁང་ཁག་ཡོད་སའི་ས་ཁུལ་ཁག་གི་བདེ་འཇགས་སླར་གསོ་དང་གངས་འཕྱག་རླངས་འཁོར་སོགས་ཀྱིས་གད་སྙིགས་ཁྱེར་ནས་གཙང་སྦྲ་བཟོས་ཡོད་ཅིང་། ཉེ་ཆར་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ལ་ངོ་རྒོལ་དང་གཞུང་གི་ནད་འགོག་སྒྲིག་ཁྲིམས་ཁག་ལ་བདུན་ཕྲག་གསུམ་གྱི་རིང་དུ་ངོ་རྒོལ་བྱས་ནས་ཉིན་མཐའ་མ་གཉིས་ལ་ཛ་དྲག་བྱུང་བར་མ་ཟད། ཁེ་ན་ཌའི་གཞུང་གིས་མི་མང་ངོ་རྒོལ་བ་༡༩༡་འཛིན་བཟུང་བྱས་ནས་ཞི་བདེ་སླར་གསོ་བྱུང་ཡོད་པའི་སྐོར། རྡོ་རྗེ་ཐོགས་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG