ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཀེ་ན་ཌའི་མི་སེར་བྱ་རྒྱུར་འགྱུར་བ་གཏོང་འཆར་ཡོད་པར་བརྟེན་རྒྱ་རིགས་མང་པོར་གནོད་སྐྱོན་ཡོང་སྲིད་པ།


ཀེ་ན་ཌ་གཞུང་གིས་ཡུལ་དེའི་མི་སེར་བྱ་རྒྱུའི་ཁྲིམས་གཞིར་ལེགས་བཅོས་གཞི་རྒྱ་ཆེན་པོ་ཞིག་བྱ་རྒྱུའི་འཆར་གཞི་ཡོད་པ་དེའི་ནང་། དེ་གར་གཏན་སྡོད་ཆོག་པའི་ལག་འཁྱེར་ཡོད་མཁན་ཕྱི་མི་རྣམས་ཀེ་ན་ཌའི་མི་སེར་ལ་འགྱུར་རྒྱུར། ལོ་མང་ཡུལ་དེའི་ནང་དངོས་སུ་གནས་སྡོད་བྱེད་དགོས་པ་མ་ཟད། གཞུང་ལ་དཔྱ་ཁྲལ་ཡང་འབུལ་དགོས་པ་སོགས་ཀྱི་ཆ་རྐྱེན་གསར་པ་མང་པོ་ཞིག་ཁ་སྣོན་བརྒྱབས་ཡོད་པར་སོང་། རྒྱ་ནག་སྐམ་ས་དང་། ཧོང་ཀོང་ནས་ཡིན་པའི་རྒྱ་མི་ཁྲི་ཕྲག་མང་པོར་གནོད་སྐྱོན་ཡོང་སྲིད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།
XS
SM
MD
LG