ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་འཕྲུལ་རིག་ལག་རྩལ་སློབ་ཆེན་གྱི་ཛ་དྲག་གནས་སྟངས།


ཧོང་ཀོང་ལ་དེ་རིང་གཟའ་མིག་དམར་གྱི་སྔ་དྲོར་ཡང་འཕྲུལ་རིག་ལག་རྩལ་སློབ་ཆེན་དུ་སློབ་ཕྲུག་ངོ་རྒོལ་བ་བརྒྱ་ཕྲག་ཁ་ཤས་བདེ་འཇགས་ཉེན་རྟོག་པས་མཐའ་བསྐོར་པའི་གནས་སྟངས་འོག་ཏུ་མུ་མཐུད་དུ་ཡོད་ཅིང་། དེའི་བར་ན་ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱིས་གསར་འགོད་ལྷན་ཚོགས་ཐོག་ཏུ་སློབ་ཆེན་དེའི་ནང་གི་སློབ་ཕྲུག་ངོ་རྒོལ་བ་ཚོས་མགོ་བཏགས་ནས་ཕྱི་ལ་འཐོན་དགོས་པའི་ཉེན་བརྡ་བཏང་བ་དང་དུས་མཚུངས་སློབ་ཕྲུག་དེ་དག་ངེས་པར་དུ་འཛིན་བཟུང་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་པ་སོགས་ཀྱི་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG