ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁེམ་བྷོ་ཌི་ཡའི་ཉེས་དོན་ཁྲིམས་ཁང་།


ཁེམ་བྷོ་ཌི་ཡའི་ཆེས་མཐོ་ཁྲིམས་ཁང་གི་ཁྱབ་ཁོངས་ཁྲིམས་ཁང་ཞིག་གིས་དེ་སྔའི་ཁུ་མེར་རུ་ཇི་འཇབ་དམག་ཤོག་ཁག་གི་འགོ་ཁྲིད་ཟུར་པ་ཚོར་ཁྲིམས་བཤེར་བྱེད་ཀྱི་ཡོད་པ་དང་། ཁ་རྩང་གཟའ་ཕུར་བུའི་ཉིན་ཁེམ་བྷོ་ཌི་ཡའི་ཆེས་མཐོ་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཞིག་གིས་གསར་འགོད་པ་ཚོས་གནས་ཚུལ་སྤེལ་སྟངས་དང་ཁྲིམས་བཤེར་གྱི་རྒྱུད་རིམ། ལྷག་པར་དུ་གསང་བའི་ཡིག་ཆ་མང་པོ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པ་སྟེ། ཐེ་ལན་གྱི་རྒྱལ་ས་བྷན་ཁོག་ལ་ཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ་ཁྲིམས་ཞིབ་པ་དེས་ང་ཚོས་བདེན་དཔང་ལ་འབོད་འགུག་བྱེད་སྲིད་པའི་མི་ཁག་ཅིག་གི་མིང་ཐོ་དང་། ང་ཚོས་ཁུ་མེར་རུ་ཇི་འཇབ་དམག་ཤོག་ཁག་གི་འགོ་ཁྲིད་ཟུར་པ་ཁག་ཅིག་གི་ནག་ཉེས་རྩད་གཅོད་བྱས་པའི་ཁུངས་སྐྱེལ་ར་སྤྲོད་ཀྱི་ཡིག་ཆ་ཁྲིམས་ཁང་ལ་འབུལ་ལམ་མ་ཞུས་གོང་། གསར་འགོད་པ་ཚོས་ཕྱིར་བསྒྲགས་བྱས་ནས་གསང་བ་ཕྱི་ལ་འཁྱར་སོང་ཞེས་ཁ་རྡུང་དྲག་པོ་བཏང་ཡོད་པ་རེད།

XS
SM
MD
LG