ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཀེམ་བྷོ་ཌི་ཡའི་ཆབ་སྲིད།


ཀེམ་བྷོ་ཌི་ཡའི་ནང་གི་བཙན་བྱོལ་དུ་ཕྱིན་པའི་ཁ་གཏད་ཆབ་སྲིད་ཚོགས་པའི་གོ་ཁྲིད་ཟུར་བ་Sam Rainsy ནི་དེ་རིང་གཟའ་པ་སངས་ཉིན་ཁོང་རྒྱལ་ཁབ་འདི་དང་ཁ་གྱེས་ནས་ལོ་བཞི་ཡི་རྗེས་སུ་ཕྱིར་ཡུལ་དུ་ལོག་ཡོད་པ་དང་། ཡུལ་འདིའི་ནང་གི་མི་མང་ཁྲི་སྟོང་མང་པོས། གནམ་ཐང་གི་ལམ་འགྲམ་གཡས་གཡོན་དུ་རུ་སྒྲིག་པ་དང་། དེ་བཞིན་རང་དབང་མི་མང་སྤྱི་གླིང་ཞེས་པར་མི་མང་གིས་དགའ་བསུའི་དུས་སྟོན་བྱེད་པ་སོགས་ཆབ་སྲིད་ཁ་གཏད་ཚོགས་པའི་འགོ་ཁྲིད་ཟུར་བ་ཁོང་བཙན་བྱོལ་ནས་ཕྱིར་རང་ཡུལ་ལ་ལོག་པར་དགའ་བསུ་རྒྱ་ཆེར་གནང་ཡོད། འདི་ནི་རྒྱལ་ཁབ་འདིའི་ནང་དུ་རྒྱལ་ཡོངས་འོས་བསྡུ་སླེབས་ལ་ཉེ་བའི་དུས་དང་འཁེལ་ཡོད་པ་རེད། འདིའི་སྐོར་འདི་གའི་གསར་འགོད་པས་ས་གནས་ནས་བཏང་ཡོང་བའི་གནས་ཚུལ་ཞིག་ཚེ་རིང་སྐྱིད་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད། །
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG