ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་ཀེམ་བྷོ་ཌི་ཡར་ཐེབས་པའ་ཤུགས་རྐྱེན།


ཉེ་ཆར་རྒྱ་ནག་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་དཔོན་རིགས་ཤིག་གི་ཆུང་མས་དབྱིན་ཇིའི་ཚོང་པ་ཞིག་ལ་དུག་དྲངས་ནས་བསད་པ་རེད་ཟེར་པའི་གྱོད་གཞི་ལ་འབྲེལ་བ་ཡོད་པའི་དོགས་གཞིའི་འོག ཧྥ་རན་སིའི་མི་ཁོངས་ཡིན་པ་ཞིག་འཛིན་བཟུང་བྱ་དགོས་ཞེས་རྒྱ་ནག་གཞུང་གིས་དགོས་མདུན་བཏོན་པ་དང་། ད་ལྟ་ཀེམ་བྷོ་ཌི་ཡའི་གཞུང་གིས་ཧྥ་རན་སིའི་མི་ཁོངས་ཡིན་པའི་མི་དེ་འཛིན་བཟུང་བྱས་ཏེ་བཀག་ཉར་བྱས་ཡོད་ཅིང་། ན་ནིང་ཡང་ཀེམ་བྷོ་ཌི་ཡའི་གཞུང་གིས་རྒྱ་ནག་གི་འདོད་པ་ལྟར་ཡུ་གུར་བ་༢༠་ཐམ་པ་འཛིན་བཟུང་བྱས་ནས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་ཡོད་པས་སྲིད་དོན་དཔྱད་ཞིབ་པ་ཚོས་ཀེམ་བྷོ་ཎི་ཡའི་གཞུང་གིས་རྒྱ་ནག་ལ་བསྟུན་གང་ཐུབ་བྱེད་ཀྱིན་ཡོད་པའི་ངོས་འཛིན་བྱས་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG