༄༅།། ཕྱི་ཟླ་༩་པའི་ཚེས་༡༤་ཉིན་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ཁེ་ལི་ཧྥོར་ཎི་ཡའི་སྤྱི་ཁྱབ་གྷ་ཝྭིན་ནིའུ་སོམ་གནས་དབྱུང་གཏོང་རྒྱུའི་དམིགས་བསལ་འོས་བསྡུ་བྱས་པར་གྲུབ་འབྲས་མ་ཐོན་པར་སྤྱི་མཐུན་ཚོགས་པའི་འབད་བརྩོན་ལ་ཕམ་ཉེས་བྱུང་ཡོད་ཅིང་། ད་ལྟ་མངའ་སྡེ་དེའི་དམངས་གཙོ་ཚོགས་པའི་སྤྱི་ཁྱབ་ནེའུ་སོམ་གྱིས་སྔར་བཞིན་གོ་གནས་བཟུང་སྟེ་ཏོག་དབྱིབས་ནད་དུག་ཁྱབ་གདོལ་སྔོན་འགོག་དང་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་རྗེས་འབྲང་བ་ཚོར་གདོང་ལེན་བྱེད་བཞིན་པའི་སྐོར། ནོར་བུ་བསམ་འཕེལ་ལགས་ཀྱིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ཕྱོགས་བསྡུས་བྱས་པ་དེ་གསན་རོགས་གནང་།།