ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

འབར་མའི་ཆབ་སྲིད་དང་རྩ་ཁྲིམས།


འབར་མའི་ཁ་གཏད་ཚོགས་པའི་འགོ་ཁྲིད་ཨང་སན་སུ་ཅི་ཕྱི་ལོ་༢༠༡༥་ལོར་སྲིད་འཛིན་འོས་འདེམས་ལ་མཉམ་ཞུགས་བྱེད་པར་དུས་བཀག་ནང་ཚུད་དུ་ཐོ་འགོད་བྱ་དགོས་པ་སོགས་ཀྱི་ཆ་རྐྱེན་ཁག་ཅིག་བསྒྲུབ་དགོས་ཀྱང་། ད་དུང་ཡང་འབར་མའི་རྩ་ཁྲིམས་སུ་ཨན་སན་སུ་ཅི་སྲིད་འཛིན་འོས་འདེམས་ལ་མཉམ་ཞུགས་བྱ་རྒྱུ་དེར་འགོག་རྐྱེན་འགའ་ཞིག་བཀོད་ཡོད་ཅིང་། དེར་བརྟེན་འབར་མའི་གྲོས་ཚོགས་འཐུས་མི་ཚོས་རྩ་ཁྲིམས་ལ་སྒྱུར་བཅོས་བཏང་ནས་ཨང་སན་སུ་ཅི་ལོ་རྗེས་མའི་འོས་འདེམས་ལ་མཉམ་ཞུགས་བྱ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། གཟའ་འཁོར་འདིར་འབར་མའི་གནད་ཡོད་སྲིད་དོན་པ་ཚོས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་སྒྱུར་བཅོས་གཏོང་རྒྱུ་དེར་རྒྱབ་སྐྱོར་ཡོད་ཅེས་བཤད་ཀྱང་། ཁོ་ཚོས་རྩ་ཁྲིམས་ཀྱི་དོན་ཚན་གང་འདྲ་ཞིག་ལ་སྒྱུར་བཅོས་གཏོང་རྒྱུ་དེར་རྒྱབ་སྐྱོར་བྱ་རྒྱུ་ཡིན་མིན་གསལ་བོ་བཤད་མེད་པ་དང་། ཨང་སན་སུ་ཅི་སྲིད་འཛིན་འོས་འདེམས་ལ་མཉམ་ཞུགས་བྱེད་མི་ཐུབ་པའི་འགོག་རྐྱེན་གཙོ་བོ་དེ་འབར་མའི་རྩ་ཁྲིམས་སུ་སྲིད་འཛིན་གྱི་འོས་མི་དང་དེའི་བཟའ་ཟླ། བུ་ཕྲུག་བཅས་པ་ཕྱི་རྒྱལ་གྱི་མི་ཁོངས་མ་ཡིན་པ་ཞིག་ཡིན་དགོས་ཞེས་བཀོད་ཡོད་པ་དང་། ཨང་སན་སུ་ཅིས་དབྱིན་ཇི་བ་མེ་ཡེ་ཁལ་ཨ་རི་སི་ལ་གཉེན་སྒྲིག་བྱས་བུ་གཉིས་ཡོད་པ་མ་ཟད། ཁོ་ཚོ་འབར་མའི་རྒྱལ་ཁོངས་སུ་ཞུགས་ནས་འབར་མའི་མི་ཁོངས་མིན་པ་དང་། ཡང་ཨན་སན་སུ་ཅིའི་འགོག་རྐྱེན་གཞན་པ་ཞིག་སྲིད་འཛིན་འོས་མི་དེ་ངེས་པར་དུ་དམག་སྦྱོང་ཐོབ་པའི་ཉམས་མྱོང་ཡོད་པ་ཞིག་ཡིན་དགོས་ཞེས་བཀོད་ཡོད་པས། ཉེ་ཆར་བར་དུ་འབར་མའི་སྤྱི་ཚོགས་སུ་བུད་མེད་རྣམས་དམག་ལ་ཞུགས་མི་ཆོག་པའི་བཀག་འགོག་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG