ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

འབར་མའི་ནང་པ་དང་ཁ་ཆེ་སྐྱབས་བཅོལ་བ་ཚོ་འཁྲུག་འཛིང་།


ཉེ་དུས་ཤིག་ནས་འབར་མའི་ས་གནས་མང་དག་ཅིག་ལ་ཁ་ཆེ་དང་ནང་པ་གཉིས་མི་མཐུན་པའི་འགལ་ཟླ་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། འབར་མའི་ས་ཁུལ་ཁག་ཅིག་གི་ཁ་ཆེ་ཚོ་སྡེབ་གསོད་བྱས་ནས་ཁང་པ་མེར་སྲེག་བཏང་བའི་གནས་ཚུལ་རིམ་པ་ཞིག་ཐོན་ཡོད་པས། བདུན་ཕྲག་སྔོན་མ་ནས་འབར་མའི་དམག་དང་བདེ་འཇགས་ཉེན་རྟོག་པས་ཁ་ཆེ་ཚོར་སྲུང་སྐྱོབ་བྱས་ནས་ཆོས་ལུགས་འཐེན་འཁྱེར་གྱི་འཁྲུག་རྩོད་ཆེ་རུ་མི་འགྲོ་བའི་བཀག་འགོག་བྱེད་ཀྱི་ཡོད་མོད། འོན་ཀྱང་འབར་མའི་ཁ་ཆེ་དང་ནང་པའི་འཁྲུག་རྩོད་དེ་ཨིན་རྡུ་ཎེ་ཞི་ཡའི་ས་ཐོག་ཏུའང་ཁྱབ་གདལ་འགྲོ་གི་ཡོད་པ་སྟེ། ཨིན་རྡུ་ཎེ་ཞི་ཡའི་སུ་མ་ཏི་ར་གླིང་ཕྲན་དུ་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་བཀག་ཉར་ཁང་ཞིག་ཡོད་པ་དེའི་ནང་དུ་ཁ་ཆེ་དང་ནང་པ་ཚོ་འཁྲུག་རྩོད་ཐུག་ཡོད་པ་དང་། ཕྱི་ཟླ་༤་ཚེས་༥་ཉིན་ཨིན་རྡུ་ཎེ་ཞི་ཡས་བཀག་ཉར་བྱས་པའི་འབར་མའི་ཁྲིམས་འགལ་གྱི་འབར་མའི་ཉ་བ་༡༡་དང་བྷང་ག་ལཱ་ནས་སྐྱབས་བཅོལ་དུ་ཡོང་བའི་ཁ་ཆེ་༡༠༠་ལྷག་འཁྲུག་རྩོད་བྱུང་ནས་ནང་པ་༨་ལ་སྲོག་སྐྱོན་དང་ཁ་ཆེ་༡༥་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG