ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གྲོས་ཚོགས་ཕྱིར་འགྱངས་དགོས་པའི་འབོད་སྐུལ།


དབྱིན་ཇིའི་སྲིད་བློན་བྷོ་རི་སི་ཇཱོན་སན་གྱིས་གཟའ་ལྷག་པའི་ཉིན་མོར་དབྱིན་ཇིའི་རྒྱལ་མོ་མཆོག་ལ་གྲོས་ཚོགས་བསྐྱར་དུ་འཚོགས་རྒྱུའི་དུས་ཚོད་ཕྱིར་འགྱངས་གནང་དགོས་པའི་སྙན་སེང་ཞུས་ཟིན་པ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་ཅིང་། དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་དུས་བཀག་གི་གོང་དེར་གྲོས་ཚོགས་ཀྱི་ཚོགས་དུས་ཕྱིར་འགྱངས་བྱས་པ་ནི་གྲོས་ཚོགས་སུ་དགག་བྱ་མང་པོ་ཞིག་ཡོང་རྒྱུ་ཡིན་པ་འགོག་ཐབས་ཤིག་རེད་ཅེས་གྲོས་ཚོགས་འཐུས་མི་མང་པོས་སྐྱོན་བརྗོད་བྱེད་ཀྱི་ཡོད་མོད། འོན་ཀྱང་སྲིད་བློན་གྱིས་གནད་དོན་དེ་གཉིས་འབྲེལ་བ་མེད་ཅེས་འགྲེལ་བཤད་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG