ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་སྦོསེ་ཀྲོན་གྲོང་ཁྱེར་གྱི་རྒྱང་སྐྱོད་བང་རྩལ་འགྲན་བསྡུར་སྐབས་སྦར་ར་འགས།


ཁ་ས་ཨ་རིའི་མེ་སེ་ཆུསེཌ་མངའ་སྡེའི་གྲོང་ཁྱེར་སྦོ་སེ་ཀྲོན་དུ་ལོ་ལྟར་བྱེད་བའི་རྒྱང་སྐྱོད་བང་རྩལ་འགྲན་བསྡུར་མཇུག་བསྒྲིལ་ལ་ཉེ་བའི་དུས་སུ་ཉེ་འགྲམ་དུ་སྦར་འགས་བྱུང་སྟེ་ཉུང་མཐར་མི་གྲངས་གསུམ་ལ་སྲོག་སྐྱོན་དང་གཞན་བརྒྱ་ལྷག་ལ་རྨས་སྐྱོན་བྱུང་ཡོད་པ་རེད། གནས་ཚུལ་དེར་ཨ་རིའི་སྲིད་འཛིན་དང་འཛམ་གླིང་ཡོངས་ཀྱིས་སྐྱོན་བརྗོད་བྱས་འདུག་པ་མ་ཟད་ ད་ཆ་ཨ་རིའི་དབུས་ཞིབ་བཤེར་ལས་ཁུངས་ཀྱིས་ངན་སྤྱོད་དེའི་བྱེད་གཏེ་འཚོལ་ཞིབ་ཀྱི་ལས་དོན་འགོ་འཛུགས་བྱས་ཏེ་དྲག་སྤྱོད་དེ་ནི་འཇིགས་སྐུལ་དྲག་སྤྱོད་པའི་ངན་སྤྱོད་ལ་ངོས་འཛིན་དང་འབྲེལ་རྩད་གཅོད་དང་འཚོལ་ཞིབ་མཐིལ་ཕྱིན་བྱ་རྒྱུ་ཡིན་པ་རེད།
XS
SM
MD
LG