༄༅།། རྒྱ་ནག་གི་ཅི་ནན་གྲོང་ཁྱེར་གྱི་མི་དམངས་འབྲིང་རིམ་ཁྲིམས་བཤེར་ཁང་གིས་གཟའ་ཉི་མ་དེར་པའོ་ཤི་ལེ་ལ་ཁྲིམས་ཐག་གཅོད་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། པའོ་ཤི་ལེས་རང་གི་བཟའ་མི་དང་གཉེན་ཚན་ཚོར་བཙོན་ཁང་ནས་བྲིས་པ་རེད་ཟེར་པའི་འཕྲིན་ཡིག་ཅིག་ལ་ཧོང་ཀོང་གི་ཚགས་པར་ཁག་གིས་གླེང་སློང་ཤུགས་ཆེན་བྱེད་ཀྱིན་ཡོད་པ་མ་ཟད། པའོ་ཚང་ལ་འབྲེལ་བ་ཉེ་བོ་ཡོད་པའི་ངོ་ཤེས་ཚོས་ཀྱང་འཕྲིན་ཡིག་དེ་པའོ་ཤི་ལེས་བཙོན་ཁང་དུ་བྲིས་ནས་རང་གི་བཟའ་མི་དང་གཉེན་ཚན་ཚོར་བསྐུར་པ་རེད་ཅེས་ངེས་གཏན་བྱས་ཡོད་ཅིང་། ཐོག་མར་བདུན་ཕྲག་འདིའི་མགོ་སྟོད་དེར་ཕྱི་རྒྱལ་ན་ཡོད་པའི་རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པའི་དྲ་རྒྱ་ཞིག་ལ་པའོ་ཤི་ལེས་བྲིས་པ་རེད་ཟེར་པའི་འཕྲིན་ཡིག་དེ་དཔར་འགྲེམས་བྱས་ཡོད་པ་རེད།།
ཧོང་ཀོང་གི་ཚགས་པར་ཁག་ཏུ་པའོ་ཤི་ལེའི་འཕྲིན་ཡིག་གླེང་སློང་།
